དམ་པའི་ལེགས་བཤད།
“It is amazing what you can accomplish if you do not care who gets the credit.”
― Harry S. Truman
“ཁྱེད་ཀྱིས་དགེ་ཁ་སུ་ལ་འཐོབ་པར་ཁ་ཡ་མ་བྱས་ན། ཁྱེད་ཀྱི་དོན་ཆེན་སྒྲུབ་པའི་ནུས་པ་དེ་ཡ་མཚན་པ་ཞིག་ཡིན།”
― ཋི་རུ་མན།
“Not all readers are leaders, but all leaders are readers.” ― Harry S. Truman
“དཔེ་དེབ་ཀློག་མཁན་ཚང་མ་དབུ་ཁྲིད་མིན་མོད། དབུ་ཁྲིད་ཚང་མ་དཔེ་དེབ་ཀློག་མཁན་ཡིན།”
― ཋི་རུ་མན།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནད་རིམས་H1N1ཀ་པ་དེ་ཚོད་ལྟ་ཁང་ཞིག་ལས་ཐོན་པའི་ནད་འབུ་ཞིག་ཡིན་པར་བརྗོད་པ་དེར་ངོས་ལེན་བྱས་མེད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཟའ་ཕུར་བུའི་ཉིན་ཨོ་སི་ཁྲི་ལི་ཡའི་ནད་རིམས་ཉམས་ཞིབ་པ་ཞིག་གིས་H1N1ཀ་པའི་ཆམ་རིམས་ནད་འབུ་དེ་ཚོད་ལྟ་ཞིག་ནས་སྦྱོར་སྐྲུན་བྱས་ཏེ་འཛམ་གླིང་ལ་ཁྱབ་བརྡལ་དུ་བཏང་བ་ཡིན་སྐོར་གྱི་བཤད་ཚུལ་དེར་ངོས་ལེན་མེད་སྐོར་གྱི་གསལ་བསྒྲགས་གནང་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་གྱི་བདེ་འཇགས་དང་ཁོར་ཡུག་སྡེ་ཁག་གི་འགན་འཛིན་གཞོན་པ་སྨན་རམས་པ་ཁེའེ་ཇིས་ཧྥུ་ཁུ་དཱ་ལགས་ཀྱིས་ཇི་ནི་ཝ་གྲོང་ཁྱེར་དུ་གསར་འགོད་གསལ་བསྒྲགས་སྟེང་དུ་གསུང་དོན། “ཚོད་ལྟ་བྱས་པའི་དཔང་རྟགས་ལས་ར་སྤྲོད་བྱུང་བ་ལྟར་ན། ད་ཐེངས་ཀྱི་ཆམ་རིམས་ནད་འབུ་འདི་རང་བྱུང་གིས་གྲུབ་པ་ཞིག་ཡིན་པ་ལས་ཚོད་ལྟ་ཁང་ག་གེ་མོས་སྦྱོར་སྐྲུན་བྱས་པ་ཞིག་མ་རེད།” ཅེས་བརྗོད་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཉམ་འབྲེལ་ཚན་རིག་ལྟེ་གནས་ཁག་གི་ཚན་རིག་པ་རྣམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་ཆས་དང་ཞིང་ལས་རྩ་འཛུགས་ཀྱི་ཚན་རིག་པ་ཁག དེ་བཞིན་འཛམ་གླིང་སྲོག་ཆགས་འཕྲོད་བསྟེན་རྩ་འཛུགས་ཀྱི་ཚན་རིག་པ་ཁག་བཅས་དང་ལྷན་དུ་བརྟག་དཔྱད་དང་ཞིབ་འཇུག་གཟབ་ནན་བྱས་མཐར་གོང་གི་བཤད་སྲོལ་དེར་ངོས་ལེན་མེད་པ་ཐག་གིས་བཅད་ཡོད་པ་རེད་ཅེས་སྨན་རམས་པ་ཧྥུ་ཁུ་དཱ་ལགས་ཀྱིས་གསལ་བཤད་གནང་།
ཁོ་མོས་གསུང་དོན། “ཚན་རིག་པ་རྣམས་ཀྱིས་ཚོད་བགམ་གྱི་བཤད་སྟངས་དེར་དོ་སྣང་ནན་མོ་བྱས་མོད། མཐའ་མར་བཤད་སྟངས་འདི་ནི་ཞིབ་འཇུག་བྱེད་རིན་མེད་པ་ཞིག་ཡིན་པ་ར་སྤྲོད་བྱུང་།”
ཉེ་སྔོན་ཨོ་སི་ཁྲི་ལི་ཡའི་ཉམས་ཞིབ་པ་ཨཌ་རིའན་རྒིབ་སི་ལགས་ཀྱིས་འཛམ་གླིང་མི་དམངས་ལ་དོགས་པ་འདི་འདྲ་ཞིག་བསླངས་ཡོད། དེ་ཡང་ད་ཐེངས་ཀྱི་ཆམ་རིམས་ཀྱི་ནད་འབུ་འདི་ཚན་རིག་པ་ཚོས་སྨན་ཁབ་སྨན་རྫས་སྦྱོར་སྒྲུབ་བྱེད་སྐབས་སྨན་སྦྱོར་སྒོང་བ་ལས་རྐྱེན་དབང་གིས་འཕེལ་འགྱུར་བྱུང་བ་ཞིག་ཡིན་སྲིད་སྐོར་བརྗོད་ཡོད་པ་རེད།
-- ཐེ་བྲག་པས་རྩོམ་སྒྱུར་བྱས།

༄༅།།སྐད་གཉིས་སློབ་ཁྲིད་ལ་བརྟེན་ནས་རྩིས་འཁོར་དྲ་རྒྱའི་སློབ་གསོ་ཅུང་ཙམ་གླེངབ།
ཚེ་རིང་བཀྲ་ཤིས་ཀྱིས་བྲིས། པད་མ་ཚེ་བརྟན་གྱིས་བསྒྱུར།
「ནང་དོན་གནད་བསྡུས」 སྐད་གཉིས་ནི་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་རྩ་བའི་ཁྱད་ཆོས་ཞིག་ཡིན་ལ། རྩིས་ འཁོར་དྲ་རྒྱ་ཡང་གྲངས་ཉུང་མི་རིགས་ཀྱི་སྐད་དང་རྒྱ་སྐད་ཟུང་འབྲེལ་བྱས་ནས་ ཁྲིད་ན་མི་རིགས་ཀྱི་སློབ་གསོ་གོང་སྤེལ་དུ་གཏོང་བའི་ཐབས་གལ་ཆེན་ཞིག་ཡིན།
「གནད་འགག་ཚིག」 སྐད་གཉིས་དཔེ་ཁྲིད། རྩིས་འགོར་དྲ་རྒྱ། ཐབས་ལམ་གསར་བ། ཚན་རིག་ཟུང་འབྲེལ།
དང་བོ། སྐད་གཉིས་སློབ་གསོ་དང་དེ་ཁྲིད་པའི་དགོས་པ་བཤད་པ།
དུས་རབས་ཉི་ཤུ་བའི་དུས་སྨད་ནས་བཟུང༌། རང་རྒྱལ་གྲངས་ཉུང་མི་རིགས་སོ་སོས་རང་ཉིད་ལ་འཚམ་པའི་དེང་རབས་སློབ་གསོའི་མ་ལག་རེ་ཚུགས་ཡོད། སློབ་ གསོའི་ཕྱོགས་ཀྱི་ལག་ལེན་ལས་བདེན་དཔང་ཐོབ་པ་ལྟར་ན། ཐུན་མོང་མ་ཡིན་པའི་གྲངས་ཉུང་མི་རིགས་ས་ཁུལ་དུ་ཆེས་འཚམ་པའི་སློབ་ཁྲིད་བྱེད་ ཐབས་ནི་སྐད་གཉིས་དཔེ་ཁྲིད་རེད། སྐབས་འདིར་བསྟན་པའི་སྐད་གཉིས་ནི་རྒྱ་སྐད་དང་གྲངས་ཉུང་མི་རིགས་ཀྱི་ཕ་སྐད་ལ་གོ་བ་ཡིན། གྲངས་ཉུང་མི་རིགས་ཀྱི་སྐད་དང་རྒྱ་སྐད་ཟུང་སྦྲགས་བྱས་ནས་སྐད་གཉིས་དཔེ་ཁྲིད་ བྱེད་རྒྱུ་དེ་དཔེ་ཁྲིད་བརྒྱུད་རིམ་ཁྲོད་མེད་དུ་མི་རུང་བའི་ལག་ཆ་ལྟ་བུ་གཉིས་ ཡིན། ས་གནས་ཀྱི་ཁྱད་ཆོས་གཞིར་བཟུང་ཏེ་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་ནས་སྐད་ གཉིས་སློབ་གསོ་དང་འཛིན་གྲྭ་སྤེལ་ནས་སྐད་གཉིས་ཀྱི་ཡོན་ཏན་འདོན་སྤེལ་བྱས་ཏེ་ ས་ཁུལ་དཔལ་འབྱོར་འཕེལ་རྒྱས། འབྲེལ་ཡོད་གློག་རྩིས་རིག་གནས་སྤེལ་ཞིང་རྣམ་པ་མི་འདྲ་བའི་དཔེ་ཁྲིད་མ་ལག་ འཛུགས་དགོས། འདི་ནི་ལས་སླ་མོ་ཞིག་མ་ཡིན་ཏེ། སྐད་གཉིས་དཔེ་ཁྲིད་ཀྱི་ལག་ལེན་བྱ་བའི་ཁྲོད་དཔེ་ཁྲིད་ཀྱི་བསམ་བློ་དང་ལག་རྩལ། ཐབས་ཤེས་སོགས་གནད་དོན་མང་བོ་ཞིག་ལ་ཁྱབ་ཡོད། སྐད་ གཉིས་དཔེ་ཁྲིད་བྱ་བའི་ལག་ལེན་ཁྲོད་ང་ཚོས་དཔེ་ཁྲིད་ཀྱི་རྣམ་པ་མང་བོ་ཞིག་ ཕྱོགས་བསྡོམ་བྱས་ནས་རིག་པའི་གཞུང་ལུགས་ཕྱོགས་བསྡོམས་བྱེད་དགོས། ད་ལྟ་གྲངས་ཉུང་མི་རིགས་ཀྱི་སློབ་གསོར་སྤེལ་བཞིན་པའི་སློབ་གསོའི་ཐམས་ལམ་ བསྡུས་ན་རྣམ་པ་གཉིས་སུ་སྣང་ཏེ་རྒྱ་ཡིག་གཙོ་བོ་དང་གྲངས་ཉུང་མི་རིགས་ཀྱི་སྐད་ ཡིག་ཕལ་བ་བྱེད་པའི་སྐོར་ཞིག་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གཙོ་བོ་དང་རྒྱ་ སྐད་ཕལ་བ་བྱེད་པའི་སྐོར་གྱི་རྣམ་པ་གཉིས་སུ་སྣང༌། དཔེར་ན།བོད་ཀྱི་རྨང་གཞིའི་སློབ་གསོའི་དུས་སྐབས་ནས་བཟུང་བོད་གཙོ་རྒྱ་ཕལ་དང་ རྒྱ་གཙོ་བོད་ཕལ་གྱི་སྐད་གཉིས་དཔེ་ཁྲིད་རྣམ་པ་གཉིས་སུ་ཡོད་པ་ལྟ་བུ་རེད། དེའི་ནང་ནས་བོད་གཙོ་རྒྱ་ཕལ་ནི་བོད་སྐད་དེ་དཔེ་ཁྲིད་ཀྱི་ལག་ཆ་གཙོ་བོར་བཟུང་ ནས་རྒྱ་སྐད་ཀྱིས་གཞོགས་འདེགས་ཀྱི་ཚུལ་དུ་ལག་ཆ་ཕལ་བའི་ཚུལ་དུ་སྣང་བ་རེད། རྒྱ་གཙོ་བོད་ཕལ་ནི་རྒྱ་སྐད་དེ་དཔེ་ཁྲིད་ཀྱི་ལག་ཆ་གཙོ་བོར་བཟུང་ནས་བོད་སྐད་ ཀྱིས་གཞོགས་འདེགས་ཀྱི་ཚུལ་དུ་ལག་ཆ་ཕལ་བའི་ཚུལ་དུ་སྣང་བ་རེད། དཔེ་ཁྲིད་ལས་ཁུངས་གང་ཞིག་ཡིན་རུང་དཔེ་ཁྲིད་ཀྱི་ཐབས་ལམ་ལ་འདི་གཉིས་ལས་གཅིག་ བཀོལ་དགོས་པའི་ངེས་པ་གཏན་ནས་མེད། སློབ་གྲྭ་ལ་ལར་དཔེ་ཁྲིད་ཀྱི་རྣམ་པ་འདི་གཉིས་བསྡུར་ཚད་ཀྱི་སྟེང་ནས་གཅིག་འདྲ་ བྱས་ཡོད། གཙོ་ཕལ་གྱི་དབྱེ་བ་དེ་འདྲ་ཆེར་ཕྱེས་མེད། སྐད་གཉིས་ཞེས་པར་ནང་དོན་དང་རྗོད་བྱེད་སྒྲའི་གོ་དོན་ཐད་འགྱུར་ལྡོག་ཇི་འདྲ་བྱུང་ཡང༌། སྐད་གཉིས་ཞེས་པའི་མི་རིགས་ཀྱི་སློབ་གསོའི་ཁྱད་རྟགས་འདི་འགྱུར་མི་རུང༌།
སྐད་གཉིས་སློབ་གསོ་མེད་ན་མི་རིགས་སློབ་གསོའི་ཁྱད་རྟགས་ཀྱང་ཉམས་འགྲོ་ལ་ཐུན་མིན་རང་བཞིན་ཡང་གླེང་རྒྱུ་མེད།
གཉིས་པ། བོད་ཁུལ་དུ་རྩིས་འཁོར་དྲ་རྒྱའི་སློབ་གསོ་སྤེལ་བའི་གནས་བབས་བཤད་པ།
ད་ ལྟའི་བརྡ་འཕྲིན་ཅན་གྱི་རིག་པའི་ཀློང་བརྡོལ་བའི་དུས་རིམ་འདིར། གྲངས་ཉུང་མི་རིགས་ཀྱི་དེང་རབས་སློབ་གསོའི་བསམ་བློ་དང་དཔེ་ཁྲིད་ལག་རྩལ་དེ་ རང་རྒྱལ་གྱི་དར་བའི་ས་ཁུལ་གྱི་སློབ་གསོའི་ཆུ་ཚད་དང་བསྡུར་ན་ཧེ་བག་ཆེན་པོ་ ཡོད་པ་དང་རྒྱུ་སྤུས་སོགས་གང་གིས་ཀྱང་རྗེས་སུ་ལུས་ཡོད། རྗེས་ ལུས་ཀྱི་རྣམ་པ་བསྒྱུར་དགོས་ན། སློབ་གསོའི་སྒྲིག་གཞི་དང་བསམ་བློ། ཐབས་ཤེས་སོགས་རྩ་བ་ནས་བསྒྱུར་རྒྱུ་ནི་སློབ་གསོ་གསར་བ་གོང་དུ་འཕེལ་བའི་ཐབས་ ལམ་འབའ་ཞིག་ཡིན། སློབ་གསོ་བརྡ་འཕྲིན་ཅན་གྱི་ཀློང་བརྡོལ་བ་འདིས་ང་ཚོའི་སློབ་གསོ་བཅོས་བསྒྱུར་ བྱེད་པར་རྨད་དུ་བྱུང་བའི་གོ་སྐབས་ཞིག་དང་དམིགས་ལྟོས་ཞིག་རེད། གོ་སྐབས་འདི་དམ་འཛིན་བགྱིས་ནས་འབད་པ་བགྱིས་ན་ལག་རྩལ་གསར་བ་འདིས་ཕྱོགས་ཡོངས་ ནས་མི་རིགས་སློབ་གསོ་གོང་དུ་སྤེལ་བར་སྣེ་ཁྲིད་མཛད་ཐུབ་ལ་སྒུལ་ཤུགས་ཀྱང་ཆེན་ པོ་ཡོད་ངེས། དངོས་ཡོད་འཚོ་བའི་ཁྲོད་དུ། གྲངས་ཉུང་མི་རིགས་ས་ཁུལ་ནས་སློབ་གསོ་བརྡ་འཕྲིན་ཅན་དུ་བསྒྱུར་བའི་རྨང་གཞི་ཧ་ ཅང་ཞན། རྒྱལ་ནང་གི་དར་བའི་ས་ཁུལདང་བསྡུར་ན་བར་ཐག་ཧ་ཅང་རིང་བོ་ཞིག་དོད་ཡོད། མི་རིགས་ས་ཁུལ་ཕལ་མོ་ཆེར་ས་རྒྱ་ཆེ་ལ་མི་ཉུང་བ། དཔལ་འབྱོར་རྗེས་སུ་ལུས་པ། མི་རིགས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་གནས་བབས་དང་ཆགས་སྟངས་ཀྱང་ཐར་འཐོར་ ཡིན་པ།དགེ་རྒན་དཔུང་སྡེའི་ནུས་སྟོབས་དང་སློབ་མའི་གྲངས་ཀའི་སྟེང་ནས་སློབ་ གསོའི་ཚད་ཐིག་ལྟར་འདང་དཀའ་བ། དུས་ཡུན་རིང་པོར་སློབ་གསོ་བཙན་ཤུགས་ཀྱིས་སྤེལ་བ་འམ་རྗེས་ལུས་ཀྱི་རྣམ་པར་ ལྷུངཡོད། རྣམ་པ་འདི་རྩ་བ་ནས་བསྒྱུར་བ་ལ་གོམ་གང་མདུན་སྤོས་ཀྱིས་སློབ་གསོའི་གྲུབ་ཆ་ཇེ་ བཟང་དང་ཇེ་ཆེ་རུ་གཏོང་བ་ལས་གཞན། མི་རིགས་ཀྱི་སློབ་གསོ་དེང་རབས་ཅན་དང། བརྡ་ འཕྲིན་དེང་རབས་ཅན་འཛུགས་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། དེང་རབས་རྒྱང་འདྲེན་སློབ་གསོའི་དྲ་རྒྱའི་བཟོ་བཀོད་མངོན་འགྱུར་བྱེད་རྒྱུ་ནི་ གནད་དོན་འདི་ཐག་གཅོད་པའི་ཐབས་ལམ་ཆེས་ལེགས་ཤོས་ཡིན་ལ་མི་རིགས་སློབ་གསོ་རྒྱལ་ ནང་གི་སློབ་གསོའི་ཆུ་ཚད་ཀྱི་རྗེས་ཆོད་པའི་ཁ་ཕྱོགས་དང་ལམ་ཡིན་ལ། རྒྱལ་སྤྱིའི་སློབ་གསོ་སྔོན་ཐོན་ཅན་དང་སྤྲེལ་ཐུབ་པའི་ལམ་ཡང་ཡིན།ཡིན་ན་འང་མི་རིགས་ས་ཁུལ་ནས་རང་བྱུང་ཆ་རྐྱེན་དང་ལོ་རྒྱུས་གནས་བབས། དངོས་ ཡོད་སོགས་རྐྱེན་དུ་མའི་དབང་གིས་དུས་ཡུན་རིང་པོར་སློབ་གསོ་འདི་དམའ་ཕྱོགས་ནས་ སྤེལ་ཞིང༌། སློབ་གསོ་བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་དལ་ཞིང། སློབ་གྲྭ་འབྲིང་ཆུང་གི་བརྡ་འཕྲིན་ཅན་གྱི་ཁྱབ་བརྡལ་ཆུ་ཚད་ཧ་ཅང་དམའ་བ་རེད། དེས་ན་མི་རིགས་ས་ཁུལ་དུ་དེང་རབས་སློབ་གསོ་བརྡ་འཕྲིན་ཅན་མགྱོགས་མྱུར་དུ་ཇི་ ལྟར་གཏོང་བ་ནི་ཚེགས་ཆེ་ཞིང་རྙོག་འཛིང་ཅན་གྱི་བཟོ་བཀོད་ཞིག་རེད།
གསུམ་པ། དུས་རབས་དང་བསྟུན་ནས་རྩིས་འཁོར་དྲ་རྒྱའི་སློབ་གསོ་ལག་བསྟར་བྱེད་དགོས།
ང་ ཚོས་ཡང་དག་པའི་སྒོ་ནས་ནུབ་རྒྱུད་ཐོན་འབྱེད་ཀྱི་སྲིད་ཇུས་ལ་ངེས་ཤེས་སྐྱེ་ དགོས་ཤིང་རྒྱལ་ཁབ་ཀྱིས་ནུབ་རྒྱུད་ས་ཁུལ་གྱི་བརྡ་འཕྲིན་ཅན་ཇེ་ཆེར་སྤེལ་བའི་ གོ་སྐབས་འདིར་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་འཕེལ་བར་འཚམ་པའི་དེང་རབས་སློབ་ གསོའི་མ་ལག་ཅིག་ཇུས་འགོད་བྱེད་དགོས། ད་ལྟ་རྒྱལ་ཁབ་ཀྱི་སློབ་གསོ་ཁང་གིས་དངོས་འབེབས་གནང་བཞིན་པའི་“སློབ་གྲྭ་ཀུན་ཁྱབ་”ཞེས་ པའི་བཟོ་བཀོད་ལྟར་ན་སྤྱི་ལོ་༢༠༠༥ལོའི་སྔོན་དུ་ཤར་རྒྱུད་ས་ཁུལ་གྱི་རྫོང་ཡན་ ཆད་དང་ནུབ་རྒྱུད་ས་ཁུལ་འབྲིང་རིམ་ཡན་ཆད་ཀྱི་སློབ་གྲྭ་ཆུང་འབྲིང་ཀུན་གྱིས་ དྲ་བ་ཀློག་ཐུབ་པའི་བརྩོན་ལེན་བྱེད་ཀྱིན་ཡོད། ནུབ་རྒྱུད་ས་ཁུལ་དང་དབུས་རྒྱུད་ས་མཐའི་དབུལ་ཕོངས་ས་ཁུལ་གྱི་རྫོང་དང་རྗོང་ མན་ཆད་ཀྱི་སློབ་འབྲིང་དང་གྲོང་བརྡལ། ཞང་རིམ་པའི་སློབ་ཆུང་སོགས་ཀྱིས་ཀྲུང་གོའི་སློབ་གསོའི་འཁོར་སྐར་ཞེང་ལྡན་དྲ་ རྒྱ་དང་སྦྲེལ་བ། སྤྱི་ལོ་༢༠༡༠ལོའི་སྔོན་དུ། རྒྱལ་ཡོངས་ཀྱི་༩༠%ཡན་ གྱི་སྒེར་བཙུགས་སློབ་གྲྭ་འབྲིང་ཆུང་ཀུན་གྱིས་དྲ་རྒྱ་ཀློག་ཇི་ཐུབ་བྱེད་པ། ཆ་རྐྱེན་མི་འཛོམས་པའི་སློབ་གྲྭ་འབྲིང་ཆུང་ཉུང་ཤས་རེ་ཟུང་ལའང་འཁོར་སྐར་དཔེ་ ཁྲིད་ཀྱི་ཅ་ལག་དང་སློབ་གསོ་དཔེ་ཁྲིད་ཀྱི་ཐོན་ཁུངས་གྲ་སྒྲིག་དང་རམ་འདེགས་ བྱེད་དགོས། བཅུ་ ལྔའི་འཆར་འགོད་བར་དུ། ཀྲུང་དབྱང་ནོར་སྲིད་ཁང་གིས་བཀོད་སྒྲིག་བྱས་པ་ལྟར་སྒོར་མོ་འབུམ་ཚོ་༥༠གཏོང་ ཞིང་དེའི་ཁར་ས་གནས་ཀྱི་དངུལ་སྒོར་བཏང་ནས་དུས་རིམ་གཉིས་པའི་རྒྱལ་ཁབ་དབུལ་ ཕོངས་ས་ཁུལ་དུ་འོས་འགན་སློབ་གསོ་ལག་བསྟེར་བྱ་རྒྱུ་རེད། གཞི་རིམ་གྱི་རྨང་གཞིའི་སློབ་གསོའི་རྒྱུ་སྤུས་ཇེ་མཐོར་གཏོང་ཆེད། རྒྱལ་ཁབ་ཀྱིས་གཞི་རིམ་གྱི་སློབ་འབྲིང་དང་སློབ་ཆུང་ལ་དེང་རབས་རྒྱང་འདྲེན་སློབ་གསོ་ལག་བསྟར་བྱ་རྒྱུའི་ཐག་བཅད་ཡོད། དཔེ་ ཁྲིད་འོད་སྡེར་གཏོང་སའི་གནས་དང༌།འཁོར་སྐར་དཔེ་ཁྲིད་སྡུད་སའི་གནས། རྩིས་འཁོར་སློབ་ཁང་བཅས་རྣམ་པ་གསུམ་བརྒྱུད་ནས་རྨད་དུ་བྱུང་བའི་སློབ་གསོའི་ ཐོན་ཁུངས་དང་སློབ་ཁྲིད་ཐབས་ཤེས་གཞི་རིམ་གྱི་སློབ་གྲྭ་ཆུང་འབྲིང་ལ་སྐྱོལ་ རྒྱུ་རེད། དམིགས་ ཡུལ་གྱི་ཇུས་འགོད་དང་མངོན་འགྱུར་ཕྱོགས་ལ་གནད་དོན་གང་མང་ཞིག་ཡོད་རུང༌། དཔེ་ཁྲིད་ཐབས་རྩལ་ལེགས་བསྒྱུར་བྱེད་པར་སྔོན་མེད་ཀྱི་དགེ་མཚན་ལྡན། སྐད་ གཉིས་རྒྱང་འདྲེན་སློབ་གསོའི་དྲ་རྒྱའི་མ་ལག་མངོན་འགྱུར་བྱེད་པར་གནམ་སའི་དྲ་ རྒྱ་དང༌།འོད་སྡེར་གཏོང་བ་བཅས་གཞི་གཅིག་བྱས་ནས་སློབ་གསོའི་དྲ་རྒྱའི་མ་ལག་ གྲུབ་སྟེ། རྒྱལ་ ཡོངས་ཀྱི་ས་གནས་སོ་སོའི་སྤུས་བཟང་སློབ་གསོའི་དཔེ་ཁྲིད་ཐོན་ཁུངས་དག་སྒྲིག་ དང་ཁྱབ་སྤེལ་བགྱིས་ནས་སྐད་གཉིས་སློབ་གསོའི་ཐུན་མིན་རང་བཞིན་གོང་དུ་སྤེལ་ཏེ་ མི་རིགས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ཐབས་རྩལ་ལ་སྔོན་མེད་ ཀྱི་མཆོང་སྐྱོད་ཅིག་བྱེད་དགོས་ལ་ཆེས་གལ་ཆེ་བའི་མངོན་འགྱུར་གྱི་དོན་སྙིང་ ཞིག་ཀྱང་ཡོད་དགོས། མ་ འོངས་བའི་མི་རིགས་སློབ་གསོ་ལ་སྐུལ་འདེད་ཀྱི་སྟོབས་ཤུགས་ཞིག་ཀྱང་ཡིན། ཡང་གཅིག་བཤད་ན་འདི་ནི་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་པའི་མི་རིགས་ཀྱི་ སློབ་གསོའི་གསར་བརྗེ་ཆེན་པོ་ཞིག་ཀྱང་རེད། ནང་སྒོས་སུ། སློབ་གསོའི་ཐབས་རྩལ་དང་སློབ་གསོའི་ཐབས་ལམ་གྱི་རྩ་བའི་འགྱུར་ལྡོག་ཅིག་ཀྱང་ རེད། རྩིས་ འཁོར་ལག་རྩལ་གྱི་སྲོག་ཤིང་བྱས་པའི་སྐད་གཉིས་རྒྱང་འདྲེན་སློབ་གསོའི་དྲ་ རྒྱའི་མ་ལག་བཙུགས་པར་མི་རིགས་སློབ་གསོའི་དཔེ་ཁྲིད་རྣམ་པ་དང༌། དཔེ་ཁྲིད་ནང་དོན། དཔེ་ཁྲིད་ཐབས་ལམ། དཔེ་ ཁྲིད་ཐབས་ཇུས་བཅས་ཕྱོགས་ལ་སྐུལ་འདེད་ ཀྱི་ཤུགས་རྐྱེན་ཞིག་ཡིན་པར་མ་ཟད་མི་རིགས་ཀྱི་སློབ་གསོ་ལ་གོང་འཕེལ་དུ་འགྲོ་ བའི་གོ་སྐབས་ལེགས་པོ་ཞིག་ཀྱང་རེད།
བཞི་བ། རྒྱལ་ཁབ་ཀྱིས་རྩིས་འཁོར་དྲ་རྒྱའི་སློབ་གསོ་སྤེལ་བར་འཆར་གཞི་དང་ལག་བསྟར་བྱས་ཚུལ།
༢༠༠༣ལོའི་《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གོམ་གོང་མདུན་སྤོས་ཀྱིས་གཞི་རིམ་སློབ་གསོའི་བྱ་བར་ཤུགས་སྣོན་བགྱིད་པའི་ཐག་གཅོད》ཅེས་ པར་གཞི་རིམ་སློབ་གྲྭ་ཆུང་འབྲིང་གི་དེང་རབས་རྒྱང་འདྲེན་སློབ་གསོའི་བཟོ་བཀོད་ ལག་བསྟར་བྱེད་རྒྱུ་དང་ཞིང་གྲོང་གི་སྤུས་བཟང་སློབ་གསོའི་ཐོན་ཁུངས་མཉམ་རོལ་ བགྱིད་པ་ལ་སྐུལ་འདེད་གཏོང་བ། ཞིང་གྲོང་གི་སློབ་གསོའི་རྒྱུ་སྤུས་དང་འབྲས་བུ་ཇེ་བཟང་དུ་གཏོང་བ་ཞེས་བསྟན་ ཡོད། ཐོག་ མའི་འཆར་གཞི་ལྟར་ན་ལོ་ལྔ་ཙམ་ཡས་མས་ནང་གཞི་རིམ་སློབ་འབྲིང་ཕལ་ཆེར་གློག་རྩིས་ སློབ་ཁང་ཡོད་དུ་འཇུག་ལ་ཞིང་གྲོང་གི་སློབ་ཆུང་ལ་ཕལ་ཆེར་སྲུང་སྐར་དཔེ་ཁྲིད་ སྡུད་མཐོང་གི་གནས་གཞི་དང༌། ཞིང་གྲོང་གི་དཔེ་ཁྲིད་གནས་གཞིར་དཔེ་ཁྲིད་འོད་སྡེར་དང་གཟུགས་གཏོང་འཕྲུལ་ཆས་ ཀྱི་འབྲེལ་ཡོད་ཅ་ལག དཔེ་ཁྲིད་འོད་སྡེར་ཆ་ཚང་ཞིག་ཡོད་དུ་འཇུག་པའི་འཆར་གཞི་ཡོད། རང་ རྒྱལ་དབུས་རྒྱུད་དང་ནུབ་རྒྱུད་ཀྱི་ཞིང་གྲོང་ས་ཁུལ་དུ་ཞིང་གྲོང་འབྲིང་ཆུང་ གི་སློབ་གྲྭར་དེང་རབས་རྒྱང་འདྲེན་སློབ་གསོའི་བཟོ་བཀོད་ལག་བསྟར་བྱས་ནས། བརྡ་ འཕྲིན་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ དགོས་ལ་ཞིང་གྲོང་གི་སློབ་གསོའི་འཕེལ་རིམ་ལ་སྐུལ་འདེད་བགྱིས་ནས་གཞི་རིམ་ས་ ཁུལ་གྱི་སློབ་གསོའི་རྒྱུ་སྤུས་ཇེ་མཐོར་བཏང་ནས། ས་ ཁུལ་བར་གྱི་སློབ་གསོའི་བཟང་ངན་དང་ཁྱད་པར་ཇེ་ཆུང་དུ་གཏོང་དགོས།༢༠༠༢ལོའི་ཟླ་༩ པར།རྒྱལ་ཁབ་སློབ་གསོ་ཁང་གིས་ནུབ་རྒྱུད་ཀྱི་ནང་སོག་དང་ཞཱན་ཅང༌།ཀཱན་སཱའུ།ཉིན་ ཞ། མཚོ་སྔོན། ཡཱན་ནན། བཀཱས་ཀྲུའུ།བཀཱང་ཞི་སོགས་ཞིང་ཆེན་དང་ས་ཁུལ་བརྒྱད་ཙམ་གྱི་སློབ་ཆུང་༥༠༠༠ལ་གློག་པྲ་དང་DVDའཕྲུལ་ ཆས།རྒྱ་ཡིག་དང་དབྱིན་ཡིག་གི་འོད་སྡེར་གནང༌། སློབ་འབྲིང་༥༠༠༠ལ་རྒྱ་ཡིག་དང་དབྱིན་ཡིག་ལ་འབྲེལ་བའི་གློག་རྩིས་འོད་སྡེར་ གནང༌།ཞང་ཀང་གི་ཚོང་དཔོན་ལས་ཅ་ཁྲིན་གྱི་མ་དངུལ་ཐེབས་ཚོགས་ཀྱིས་སློབ་གྲྭ་ འབྲིང་ཆུང་ཁྲི་ཙམ་ལ་རྒྱང་འདྲེན་སློབ་གསོའི་སྡུད་སྒྲིག་གནས་གཞི་བཙུགས། ནུབ་རྒྱུད་ཀྱི་གཞི་རིམ་ལ་རྩིས་འཁོར་སློབ་ཁང་༨༨ཚུགས་པ་རེད། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་རྫོང་ཁོ་ནར་མཚོན་ན། ༢༠༠༢ལོ་ནས་༢༠༠༣ལོའི་ལོ་མཇུག་བར། སློབ་འབྲིང་གཅིག་ལ་སློབ་གླིང་དྲ་བ་ཚུགས། སློབ་གྲྭ༨ཙམ་ལ་རྩིས་འཁོར་སློབ་ཁང་དང་སྲུང་སྐར་སྡུད་སྒྲིག་གི་གནས་གཞི་ཚུགས། རྒྱལ་ ཁབ་ཀྱི་སློབ་གསོ་ཁང་དང་ལས་ཅ་ཁྲིན་གྱི་མ་དངུལ་ཐེབས་ཚོགས་ཀྱིས་ནུབ་རྒྱུད་གྱི་ སློབ་གྲྭ་འབྲིང་ཆུང་གི་རྒྱང་འདྲེན་སློབ་གསོ་ཐེངས་གཉིས་པའི་བགྱི་བ་མཛད་པར་བ་ ཙེ་རྫོང་ཚོད་ལྟའི་གནས་གཞི་བྱས། སློབ་ གྲྭ་འབྲིང་ཆུང་༢༠ལྷག་ལ་རྒྱང་འདྲེན་སློབ་གསོའི་ཅ་ལག་བསྒྲིགས། ཡིག་ཚགས་སོ་སོ་ལས་འདི་ནི་ལེགས་ལམ་དུ་འགྲོ་བ་ཞིག་རེད་ཅེས་བསྟན་མོད།།སློབ་ གསོའི་བརྡ་འཕྲིན་འཛུགས་པའི་ཀློང་བརྡོལ་བའི་དུས་མཚུངས་སུ་གནད་དོན་ཀྱང་མི་ ཉུང་བ་ཞིག་བྱུང་དང་འབྱུང་མུས་ཡོད།དཔེར་ན། སྐད་ གཉིས་སྐོར་ལ་འཁོར་སྐར་དཔེ་ཁྲིད་ཀྱི་མཉེན་ཆས་མེད་ལ་བརྡ་འཕྲིན་ལག་རྩལ་གྱི་ བསླབ་དེབ་དཔེ་སྐྲུན་ཀྱང་དཀོན། སྐད་གཉིས་དཔེ་ཁྲིད་དང་བརྡ་འཕྲིན་ཅན་དུ་འགྱུར་བའི་བར་ངེས་ཤེས་སྐྱེ་དཀའ་བའི་ ཚད་དུ་ཐོན་ཡོད། གལ་ཏེ་ཡུན་རིང་འགོར་བའི་རྗེས་ནས་སྐད་གཉིས་རྩིས་འཁོར་དྲ་བའི་དཔེ་ཁྲིད་ཀྱི་མ་ལག་ཚུགས་མ་ཐུབ་ན། མི་ རིགས་ཀྱི་སློབ་གསོ་ལ་ནུས་པ་ཆེན་པོ་ཐོན་མི་ཐུབ་ཁར་མི་རིགས་ཀྱི་སློབ་གསོ་ལ་ རྙོག་འཛིང་ཅན་དུ་བསྒྱུར་ནས་མི་རིགས་སོ་སོའི་སློབ་གསོ་བརྡ་འཕྲིན་ཅན་དུ་ བསྒྱུར་མི་ཐུབ་པར་ཕམ་ཁ་ཉོ་བར་སེམས། རྩིས་ འཁོར་དྲ་རྒྱའི་ལག་རྩལ་དང་རྩིས་འཁོར་ལག་རྩལ་གྱིས་སྲོག་ཤིང་བྱས་པའི་དེང་རབས་ སློབ་གསོའི་ལག་རྩལ་ཇི་ལྟར་འགྱུར་ཀྱང་སྐད་གཉིས་སློབ་གསོའི་ངོ་བོ་འགྱུར་མི་ ཐུབ།ད་ལྟའི་དུས་རིམ་འདིར་བརྡ་འཕྲིན་ཅན་གྱི་འཕེལ་རིམ་དེའི་འགན་ཁུར་གཙོ་བོ་ དཔེ་ཁྲིད་ལག་རྩལ་དང་ཐབས་ལམ་ལེགས་བཅོས་བྱེད་རྒྱུ་དེ་ཡིན།གལ་ཏེ་གྲངས་ཉུང་མི་ རིགས་ཀྱི་སློབ་གསོ་བརྡ་འཕྲིན་ཅན་དུ་འགྱུར་བའི་འཕེལ་རིམ་བདེ་བླག་ངང་སྤེལ་ ཐུབ་ན། མི་ འགྱངས་པར་ང་ཚོ་ལའང་སྐད་གཉིས་རྩིས་འཁོར་གྱི་དཔེ་ཁྲིད་སྟེགས་བུ་ཞིག་ཡོད་ཐུབ་ ལ། སྐད་གཉིས་དཔེ་ཁྲིད་ཀྱི་མཉེན་ཆས་སོགས་དེང་རབས་ཅན་གྱི་དཔེ་ཁྲིད་ཐོན་ཁུངས་དང་ ཅ་ལག་ཡོད་ཐུབ། འོན་ཀྱང་གནས་སྐབས་གནད་དོན་ཀྱང་མི་ཉུང་བ་ཞིག་ཡོད། མཉེན་ཆས་དང་སྲ་ཆས་ཀྱི་ཐོན་ཁུངས་ཧ་ཅང་དཀོན་པར་མ་ཟད། སྐད་གཉིས་དང་བརྡ་འཕྲིན་ཅན་གྱི་རིག་གནས་བར་ལ་ངེས་ཤེས་ཀྱང་སྐྱེ་བ་དཀོན། གཞུང་ ལུགས་སྟེང་ནས་མཛུབ་སྟོན་བྱེད་རྒྱུ་དེ་བས་དཀོན། སྐད་གཉིས་གློག་རྩིས་དྲ་རྒྱའི་དཔེ་ཁྲིད་ཀྱི་མ་ལག་གཏན་ནས་འཛུགས་མི་ཐུབ་པ་མ་ རེད། གཙོ་བོ་མ་ལག་འཐུས་ཚང་ཡིན་པའི་སྐད་གཉིས་སྐོར་གྱི་དཔེ་ཁྲིད་མཉེན་ཆས་དང་རྩིས་ འཁོར་དྲ་རྒྱའི་ཆ་རྐྱེན་དེ་འདྲ་ཁྱབ་བརྡལ་དུ་མ་སོང་བས་རེད། གློག་རྩིས་རིག་གནས་ཀྱི་སློབ་གསོ་སྤེལ་ནས་ཁྱབ་བརྡལ་དུ་སོང་ན། གློག་རྩིས་བཀོལ་སྤྱོད་ཀྱི་ལག་རྩལ་ཐད་ཇེ་བཟང་ནས་ཇེ་བཟང་དུ་ཡོང་ངེས་རེད། དཔེར་ན། ༢༠༠༤ ལོའི་་ཟླ་༨པའི་ཚེས་༡༤ཉིན་རྒྱལ་ཁབ་ཀྱི་བརྡ་འཕྲིན་ཐོན་ལས་ཁང་གིས་བོད་ཡིག་ མཉེན་ཆས་ཐོན་འབྱེད་བྱེད་པའི་ཇུས་འགོད་ཚུགས། འཆར་གཞི་ལྟར་ན་ལོ་གཉིས་ཡས་མས་ནང་བོད་ཡིག་བརྡ་འཕྲིན་ཅན་གྱི་སྙོམས་སྟེགས་ སོགས་བོད་ཡིག་མཉེན་ཆས་ཕྱོགས་ཀྱི་ངེས་མཁོའི་གནད་དོན་ཐག་གཅོད་བྱེད་པ་དང་དུས་ མཚུངས་སུ་ཡི་གེ་སྡེབ་སྒྲིག་གི་མ་ལག་དང་དེའི་ཤོང་ཚད་སོགས་ཐག་གཅོད་བྱེད་རྒྱུ་ རེད། སྙོམས་ སྟེགས་བརྒལ་བའི་ཡི་གེ་སྡེབ་སྒྲིག་གི་མཉེན་ཆས་ཀྱི་གནད་དོན་དང་དྲ་རྒྱའི་བརྡ་ འཕྲིན་བརྗེ་རེས་དང་དྲ་གནས་ཐོན་འབྱེད་ཀྱི་ཚད་གཞི་སོགས་ཚད་མཐོ་བའི་སྒོ་ནས་ཐག་ གཅོད་བྱེད་རྒྱུ་རེད། དྲ་རྒྱ་འཛུགས་པའི་དངོས་བརྒྱུད་ཀྱི་མ་དངུལ་ལས་གཞན་ལག་རྩལ་ཐད་ནས་གླེང་ན།བྱང་ ཆ་ལྡན་པའི་དྲ་རྒྱ་འཛུགས་སྐྲུན་གྱི་ལག་རྩལ་དང་མཉེན་ཆས་ལག་རྩལ། མི་ རིགས་ཀྱི་ཡི་གེའི་བརྡ་འཕྲིན་སྡེབ་སྒྲིག་གི་ལག་རྩལ་མཉམ་འབྲེལ་བྱས་ནས་དྲ་རྒྱ་ དང་མཉེན་ཆས་ཐོན་འབྱེད་བྱེད་པར་ས་གནས་ཅན་དང་ཐུན་མིན་ཅན་དུ་མངོན་འབྱུར་བྱེད་ དགོས། དེ་ལྟར་བྱས་ཚེ་སྐད་གཉིས་སློབ་གསོ་དང་གློག་རྩིས་དྲ་རྒྱའི་ཟུང་འབྲེལ་གྱིས་ སྐད་གཉིས་དཔེ་ཁྲིད་ཀྱི་ངོ་བོ་དང་བསྟུན་ཐུབ་ངེས་རེད། རྩིས་འཁོར་དྲ་རྒྱ་འདིས་གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་དཔེ་ཁྲིད་ལ་འཕེལ་ རྒྱས་ཀྱི་གཤོག་ཟུང་ཞིག་མཁོ་འདོན་བྱས་ཡོད། དྲ་ རྒྱའི་ཁྲོད་དུ་སྤུས་ལེགས་དཔེ་ཁྲིད་ཀྱི་ཐོན་ཁུངས་བགྲང་གིས་མི་ཟིན་ལ་དགེ་རྒན་ ཚོ་ལའང་ཤེས་རྒྱ་ཇེ་ཆེར་གཏོང་ཐུབ་ལ་ཆེད་ལས་ལག་རྩལ་ཡང་ཇེ་བཟང་དུ་གཏོང་ཐུབ། སྐད་གཉིས་དང་རྩིས་འཁོར་དྲ་རྒྱ་ཟུང་སྦྲགས་བྱས་ན་གྲངས་ཉུང་མི་རིགས་ཀྱི་སློབ་ གསོ་གོང་དུ་སྤེལ་བར་གྲོགས་སུ་འཁྱེར་ལ་དབུ་ཡང་འདྲེན་ཐུབ།དུས་ནམ་ཞིག་ཡིན་ རུང༌། སྐད་གཉིས་ནི་མི་རིགས་སློབ་གསོའི་རྩ་བའི་ཁྱད་ཆོས་ཞིག་ཡིན། ང་ཚོའི་དམིགས་ཡུལ་ཀྱང་མི་རིགས་སློབ་གསོ་གོང་དུ་སྤེལ་རྒྱུ་དེ་ཡིན།སྐད་གཉིས་ རྩིས་འཁོར་དྲ་རྒྱ་འཛུགས་རྒྱུ་ནི་དམིགས་ཡུལ་དེ་མངོན་འགྱུར་བྱེད་པའི་ཐབས་ ལེགས་ཤོས་ལས་མ་འདས་སོ། །
-- <<ཁྱུང་ཚའི་ཟིན་བྲིས་>>ལས་ཕབ་བཤུ་བྱས།

སྲིང་མོ་ཕྱེད་ཀ
ཞོགས་པ་ཞིག་ལ་བློ་བཟང་དགའ་སྤྲོ་དང་བཅས་ཁྱིམ་དུ་རྒྱུགས་ཡོང་ནས་དབུགས་ཧལ་བཞིན་ཤོད་དོན། “ཨ་ཕ། ཨ་མ། ང་ལ་གཏམ་བཟང་ཞིག་བཤད་རྒྱུ་ཡོད། ང་མི་འགྱངས་པར་ང་ཚོའི་གྲོང་བའི་ནང་གི་ཆེས་མཛེས་པའི་བུ་མོ་ཞིག་ལ་གཉེན་སྒྲིག་བྱེད་རྒྱུ་བྱས་ཡོད། ཁོ་མོ་འདུག་ས་ང་ཚོ་དང་ཐག་མི་རིང་ལ་ཁོ་མོའི་མིང་ལ་མེ་ཏོག་ཟེར།”
ཨ་ཕས་གཏམ་དེ་ཐོས་རྗེས་བློ་བཟང་ཉལ་ཁང་ནང་དུ་ཁྲིད་དེ་བཤད་རྒྱུར། “བློ་བཟང་། ངས་ཁྱོད་ལ་བཤད་རྒྱུ་ཞིག་ཡོད། ཁྱེད་ཀྱི་ཨ་མར་ལྟོས་དང། ངེད་གཉིས་བཟའ་ཚང་བྱས་ཏེ་ལོ་ངོ་༣༠ཙམ་འགྲོ་བཞིན་ཡོད་མོད་ཁོ་མོ་ད་དུང་ཡང་ག་འདྲ་མཛེས། འོན་ཀྱང་། ཁོ་མོར་ཉལ་སའི་ནང་ནས་རྩལ་དེ་འདྲ་མེད་རྐྱེན་ངས་ཕྱི་ལོགས་ནས་ཨ་རོགས་མང་བོ་བཙལ་བ་ཡིན། བློ་བཟང་། ཁྱེད་ཁོང་ཁྲོ་མ་ལངས། མེ་ཏོག་ནི་ཁྱེད་ཀྱི་སྲིང་མོ་ཕྱེད་ཀ་རེད།”
དོན་འདིས་བློ་བཟང་གི་སེམས་ཧ་ཅང་སྡུག་ཏུ་བཅུག་མོད་གང་ལྟར་རང་ཉིད་ཀྱི་ཕྱེད་སྲིང་མོ་ཞིག་ལ་འགྲོགས་སྲོལ་གང་ན་ཡོད། དེ་ལྟར་ཟླ་བ་བརྒྱད་ཙམ་སོང་རྗེས་བློ་བཟང་ཡང་བསྐྱར་བུ་མོ་གཞན་པ་ཞིག་དང་འགྲིག ལོ་གཅིག་གི་རྗེས་སུ་བློ་བཟང་ཁྱིམ་དུ་ལོག་སྟེ་སྤྲོ་སྣང་དང་བཅས་བཤད་རྒྱུར། “རིག་མོས་ང་དང་བསྒྲིག་རྒྱུ་ཡིན་ཟེར། ངེད་གཉིས་ད་ལོའི་ལོ་གསར་སྐབས་གཉེན་སྒྲིག་བྱེད་རྒྱུ་ཡིན།”
དོན་འདི་གོ་རྗེས་ཨ་ཕས་ཡང་བསྐྱར་བློ་བཟང་ཟུར་ཞིག་ཏུ་ཁྲིད་དེ་གཏམ་ངན་བཤད་དོན། “རིག་མོ་ཡང་ཁྱེད་ཀྱི་སྲིང་མོ་ཕྱེད་ཀ་རེད། བློ་བཟང་། ང་དངོས་གནས་ང་ནོངས། འོན་ཀྱང་། འདི་དོན་དངོས་རེད།”
དོན་འདི་ཐོས་རྗེས་བློ་བཟང་གི་སེམས་ནས་ཧ་ཅང་མ་དགའ་བར་ཐད་ཀར་ཨ་མའི་རྩར་བརྒྱུགས་ཏེ་དོན་འདི་ཨ་མ་ལ་བཤད། “ཨ་མ། ཨ་ཕས་འདི་འདྲའི་ཁྲེལ་མེད་ཀྱི་བྱ་བ་ཁོ་ན་བྱས་པའི་རྐྱེན་གྱིས་ད་ང་ལ་གཉེན་སྒྲིག་བྱེད་སའང་ལག་ལ་ཡོང་རྒྱུ་མ་རེད། ང་བུ་མོ་ཞིག་ལ་ཐུག་ཐེངས་རེ་རེར་ཨ་ཕས་དེ་ངའི་སྲིང་མོ་ཕྱེད་ཀ་རེད་ཟེར། ད་ཅི་བྱེད། ད་ང་འདི་ལྟར་ཚེ་གང་བོར་ཕོ་རྐྱང་དུ་འདུག་དགོས་སམ།”
སྐབས་འདིར་བློ་བཟང་ལ་མཚོན་ན་ཡ་མཚར་དགོས་པའི་དོན་དག་ཅིག་ནི། ཨ་མ་ཁོང་ཁྲོ་ལངས་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་འཛུམ་མདངས་དང་བཅས་བཤད་རྒྱུར། “ཧེ་ཧེ། གཅེས་ཕྲུག ཁྱེད་ཀྱིས་ཨ་ཕས་ཅི་བཤད་ལ་ཉན་དགོས་དོན་ཅང་མེད་། དོན་ངོ་མར་ཁོ་ཁྱེད་ཀྱི་ཨ་ཕ་ངོ་མ་བོ་མ་རེད།”
-- ཐེ་བྲག་པས་བཅོས་སྒྲིག་བྱས།

པཱ་ཀི་སི་ཐན་དུ་བོད་ཡིག་གི་འབྲི་རྒྱུན་སླར་གསོ།
མི་ནག་ཚང་ལུང་རིགས་རྒྱལ།
ང་ཚོས་བོད་ཀྱི་རྩ་དོན་གླེང་གིན་ཡོད་ལ། ང་ཚོས་ཕྱིའི་རིག་གཞུང་ནང་འདྲེན་གྱི་སྐོར་དང་ནང་གི་རིག་གཞུང་སྲུང་སྐྱོབ་ཀྱི་སྐོར་བཅས་གླེང་གིན་ཡོད། དེ་ལྟར་ཀྱང་ང་ཚོའི་ཕ་སྐད་དང་་མ་སྐད་ངོ་མ་དེ་ང་ཚོའི་ཕྱི་རབས་པ་ཚོའི་ཁ་ལྕེ་བར་ནས་བརླག་གིན་ཡོད་སྟབས། བོད་དང་བལ་ཡུལ། འབྲུག་དང་འབྲས་ལྗོངས། ལ་དྭགས་ནས་ལྷོ་མོན་རོང་སོགས་གང་དུ་བལྟས་ནའང་བོད་ཡིག་གི་ཚེ་སྲོག་འདིའི་མཐའ་མའི་འཕག་འཚག་ནི་པ་ཀི་སི་ཐན་དུ་རྒྱག་བཞིན་འདུག ལོ་གཉིས་སྔོན་གྱི་སོས་ཀའི་ཞོགས་པ་ཞིག་ལ་རྒྱ་གར་དུས་བབ་གསར་ཤོག་སྟེང་དུ་མིང་ལ་ཁུ་ལོ་ཌི་ཞུ་བ་ཞིག་གིས་''བོད་ཡིག་གི་ལའབྲི་རྒྱུན་པ་ཀི་སི་ཐན་དུ་བསྐྱར་ལོག་བརྒྱབས་པ་''ཞེས་ འགོ་བརྗོད་དུ་བཀོད་དེ་པ་ཀི་སི་ཐན་གྱི་མངའ་འོག་ན་ཡོད་པའི་སྦལ་ཏི་ཡུལ་ནས་བོད་ ཡིག་སླར་གསོ་བྱེད་བཞིན་ཡོད་པའི་ལས་འགུལ་སྐོར་བྲིས་འདུག་ལ། སྒྲུང་དེ་འགོ་འཛིན་སྐབས། ''འཛམ་གླིང་གི་ཡུལ་ལུང་གང་དུའང་སྐད་ཡིག་སླར་གསོའི་ལས་དོན་ནི་ཆེས་བློ་དོགས་ཀྱི་བྱ་བ་ཞིག་ཆགས་བཞིན་པའི་སྐབས་འདིར། པ་ཀི་སི་ཐན་གྱི་མངའ་འོག་ན་ཡོད་པའི་སྦལ་ཏི་ཡུལ་དུ་ག་ལེར་བོད་ཡིག་གི་འབྲི་རྒྱུན་སླར་གསོ་བྱེད་འགོ་ཚུགས། དེ་ ཡང་ས་ཁུལ་དེའི་ཡུལ་སྐད་ཆགས་བཞིན་པའི་ཨུར་ཌོའི་འཁྱུག་བྲིས་ལ་ཁ་གཏད་གཅོག་པ་ ཙམ་མ་ཡིན་པར་དོགས་པ་དང་རྣམ་རྟོག་ཆེ་བའི་ཁ་ཆེའི་མུལ་ལ་ཚོར་ཡང་ཁ་གཏད་གཅོག་གི་ ཡོད་''ཅེས་བཀོད་ཡོད། སྐར་རྡོ་གྲོང་ཁྱེར་དབུས་བྱས་པའི་སྦལ་ཏི་ཡུལ་ལམ་དེང་སྐབས་ཕྱི་ལུགས་ཀྱི་ཡིག་ཆ་ཕལ་ཆེ་བའི་ནང་སྦལ་ཏི་སི་ཐན་(Baltistan)ཞེས་འབོད་པ་ནི་པ་ཀི་སི་ཐན་གྱི་བྱང་ཤར་མཐའ་མཚམས་སུ་ཆགས་ཡོད་ལ། རོབ་རྩིས་བྱས་ན་ས་ཁྱོན་ལ་ཀེ་ལོ་མི་ཊར་གྲུ་བཞི་མ་༡༠༡༡༨དང༌། མི་འབོར་འབུམ་བཞི་༤༠༠༠༠༠ལྷག་ཡོད་པ་རེད། ཡུལ་འདིའི་མི་རྣམས་ཀྱིས་བོད་སྐད་དམ་སྟོད་སྐད་ཅེས་འབོད་བཞིན་པའི་བོད་ཀྱི་ནུབ་ཕྱོགས་ས་ཁུལ་གྱི་ཡུལ་སྐད་བཤད་ཀྱི་ཡོད་ལ། བོད་ཀྱི་ལོ་རྒྱུས་ལྟར་ན། སྦལ་ཏི་ཡུལ་ནི་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་སྟོད་ཕྱོགས་ཀྱི་སྤུ་ཧྲེང་དང་མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག ཞང་ཞུང་དང༌། ཁྲི་ཏེ་སྟོད་སྨད་སྐོར་གཅིག འཆིམ་མལ་ལི་དང༌། བྲུ་ཤ་དང༌། སྦལ་ཏི་གསུམ་སྐོར་གཅིག་བཅས་བཅད་པའི་ཁྲོད་ཀྱི་སྦལ་ཏི་ཞེས་པ་དེ་ཡིན་ཞིང༌། དུས་རབས་བཅུ་དྲུག་པ་ནས་བཟུང་ཏ་ཟིག་གམ་ཁ་ཆེའི་དབང་བསྒྱུར་འོག་ཤོར་ཏེ་ད་བར་མི་ལོ་༥༠༠ཕྱིན་ལ། འདིའི་རིང་ཁོང་ཚོའི་ཆོས་ལུགས་འགྱུར་ཡོད་ནའང་བོད་ཀྱི་སྐད་ཡིག་དང་གོམས་སྲོལ་ནི་རྩ་ཡལ་དུ་མ་སོང་ཙམ་དུ་གནས་ཡོད་པ་དང༌། དེང་ སྐབས་སྦལ་ཏིའི་མི་རྣམས་ཀྱིས་བོད་ཡིག་དང་བོད་སྐད་སོགས་སྦྱངས་ཏེ་སོ་སོའི་ཕ་ མེས་ཀྱི་ཆོས་རིག་དང་ཡུལ་སྲོལ་གོམས་གཤིས་བཅས་མི་ཉམས་རྒྱུན་འཛིན་དང་ཉམས་པ་ སླར་གསོ་བྱེད་རྒྱུའི་སྐོར་ལ་ལས་འགུལ་སྤེལ་བཞིན་ཡོད་པ་རེད། སྦལ་ ཏིའི་རིག་གཞུང་ཐེབས་རྩ་ཁང་དུ་ཕྱག་ལས་གནང་ཞིང་གེ་སེར་རྒྱལ་བོའི་སྒྲུང་སྦལ་ ཏིའི་ཡུལ་སྐད་དུ་ཞིབ་འབྲི་གནང་མཁན་སྐུ་ཞབས་སིད་ཨ་བྷས་ཁ་ཛི་མཱི་ལགས་ཀྱིས་''ང་ཚོ་ནི་ཡུལ་འདིར་དུས་རབས་དྲུག་པ་ནས་བཟུང་བོད་ཀྱི་སྐད་ཡིག་གི་འབྲི་རྒྱུན་ཡོད་པའི་མི་རིགས་ཁོ་ན་དེ་ཡིན་''ཅེས་དང་། ''ཡིན་ནའང་ཀླད་པ་གུ་དོག་པོའི་མུལ་ལ་བ་རྣམས་ཀྱིས་བོད་ཡིག་བཀོོལ་སྤྱོད་མཚམས་འཇོག་དགོས་ཟེར་ལ། དེར་བརྟེན་ལོ་ངོ་འདི་དག་གི་རིང་སྦལ་ཏིའི་ཡུལ་སྐད་དང
ཡི་གེའི་འབྲི་ཀློག་གི་འཕེལ་རིམ་ལ་གོད་ཆག་ཆེན་པོ་བྱུང་ཡོད་པ་རེད་''ཅེས་དང་། ཁ་ཛ་མི་ལགས་ཀྱིས། ''ཏ་ཟིག་གི་གསལ་བྱེད་ནི་ང་ཚོའི་སྐད་ལ་ཕན་པོ་མི་འདུག་སྟེ། སྦལ་ཏིའི་ཡིག་འབྲུ་མང་བོ་ཞིག་ཏ་ཟིག་གི་གསལ་བྱེད་ནང་འབྲི་ཐུབ་ཀྱིན་མི་འདུག དེའི་རྐྱེན་གྱིས་ང་ཚོའི་སྐད་ཡིག་ད་ཆར་སེམས་ཅན་བདག་མེད་དང་འདྲ་ཞིང་། ང་ཚོའི་སྙན་ངག་བཅད་མ་དང་ལྷུག་མ་ནི་ཟུངས་ཟད་ནས་སྐམ་རུལ་དུ་འགྱུར་བཞིན་ཡོད་''ཅེས་འགྲེལ་བརྗོད་བྱས་ཡོད། པ་ ཀི་སི་ཐན་གྱི་ཨ་གྷ་ཁན་རིག་གཞུང་ཞབས་ཞུ་ཁང་དང་ལོན་ཌོན་བོད་ཀྱི་ཐེབས་རྩ་ཁང་གི་ མཉམ་རོགས་འོག་ཁ་ཛ་མི་ལགས་ཀྱིས་༡༩༩༩ལོ་ནས་བཟུང་པ་ཀི་སི་ཐན་གྱི་སྦལ་ཏི་ཡུལ་ དུ་བོད་ཡིག་སླར་གསོའི་ཕྱག་ལས་གནང་མགོ་བཙུགས་ཏེ། བོད་ཡིག་ནང་གཞི་རིམ་གྱི་སློབ་དེབ་དཔར་སྐྲུན་བྱས་པ་མ་ཟད། སྐར་རྡོ་གྲོང་ཁྱེར་ནང་གི་ཚོང་ཁང་གི་སྒོ་བྱང་རྣམས་བོད་ཡིག་ནང་འབྲི་བར་རོགས་རམ་བྱས་སྟབས། དེང་སྐབས་ཀྱི་ཕྱི་ལོགས་ཀྱི་མི་སུ་ཞིག་སྐར་རྡོ་གྲོང་ཁྱེར་དུ་འཛུལ་མ་ཐག་ཐོག་མར་མིག་ལམ་དུ་ཤར་བ་ནི་སྒོ་བྱང་འདི་དག་ཡིན་འདུག ཁ་ཛ་མི་ལགས་ཀྱིས་''ཁ་ཆེ་མུལ་ལ་རྣམས་ཀྱིས་འདི་དག་ནི་ཁ་ཆེ་བ་མིན་ཚུལ་གནོན་ཤུགས་ཕྱོགས་ཡོངས་ནས་སྤྲོད་ནའང་ང་ཚོར་མང་ཚོགས་ཀྱི་རྒྱབ་སྐྱོར་ཡག་པོ་རག་སོང་། ང་ཚོའི་དམིགས་ཡུལ་ནི་རིག་གཞུང་རྐྱང་བ་ཡིན་ལ། རིམ་བཞིན་ང་ཚོས་སྦལ་ཏི་ཡུལ་འདིར་རིག་གཞུང་གི་ལྗོངས་རྒྱུའི་ལས་དོན་ཡར་རྒྱས་གཏོང་གི་ཡིན་''ཞེས་བརྗོད་ཡོད། འདི་ལྟར་སྦལ་ཏི་རིག་གཞུང་ཐེབས་རྩ་ཁང་གིས་བོད་ཡིག་གི་འབྲི་རྒྱུན་སླར་གསོའི་ཞོར་དུ་སྦལ་ཏི་ཡུལ་གྱི་དུས་སྟོན་དང་གཞས། ཞབས་བྲོ། ལོ་རྒྱུས་ཀྱི་མཁར་རྙིང་སོགས་ཀྱང་བསྐྱར་གསོ་བྱེད་རྒྱུའི་འཆར་གཞི་ཡང་བཏིང་ཡོད་འདུག ཁ་ཛ་མི་ལགས་ཀྱི་ལས་གཞི་འདི་མགོ་བཙུགས་པ་ནས་བཟུང་ཁ་ཆེའི་ཆོས་དཔོན་དང་ཚོང་དཔོན་སོགས་ཁོང་གི་སར་བཅར་ཏེ་སྐྱོན་འཛུགས་བྱས་ཡོད་པ་དང་། ཁོང་གིས་དེ་དག་རེ་རེར་ཁ་ཏ་སློབ་གསོ་བྱས་ཏེ་ལས་གཞི་ལ་བར་ཆད་མ་བྱུང་ཙམ་ཡིན་པ་དང་། མང་བོ་ཞིག་ནི་ལས་གཞི་འདིའི་ཐད་གདེང་ཚོད་དེ་ཙམ་མེད་ནའང་སྐར་རྡོའི་གྲོང་ཁྱེར་དུ་སྦལ་ཏིའི་རིག་གཞུང་ཐེབས་རྩ་ཁང་ལ་བརྩི་མཐོང་ཆེ་ཞིང་། གྲོང་ཁྱེར་དེའི་ནང་གི་དཔེ་དེབ་བཙོང་མཁན་ཞིག་གིས་''མི་སུས་ཀྱང་ལོ་ངོ་བརྒྱ་ཕྲག་མང་བོའི་ལོ་རྒྱུས་ནག་བསུབ་གཏོང་གི་མ་རེད་''ཅེས་བརྗོད་ཡོད་ལ། ཁོང་ གི་དཔེ་ཁང་ནང་གི་བོད་ཡིག་གི་གཞི་རིམ་སློབ་དེབ་དེ་འགྲིམ་རྒྱུག་ཆེན་པོ་ཡོད་ ཚུལ་གོང་གསལ་གསར་འགོད་པར་འགྲེལ་བརྗོད་བྱས་པ་སོགས་སྦལ་ཏིའི་ཡུལ་མི་རྣམས་ ཀྱིས་ལས་གཞི་འདིའི་ཐད་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་འདུག ཁ་ ཛ་མི་ལགས་ཀྱིས་ལས་གཞི་འདིར་པ་ཀི་སི་ཐན་ཡུལ་དུ་ཆབ་སྲིད་ཀྱི་འགོག་རྐྱེན་ཅི་ ཙམ་ཡོད་མེད་རྟོགས་དཀའ་ནའང་ཁོང་གིས་འདི་ནི་པཱ་ཀི་སི་ཐན་གྱི་ཨ་སི་ལ་མ་བྷ་ཌི་ དང་འབྲེལ་བ་གང་ཡང་མེད་སྐོར་ཨུ་ཚུགས་ཀྱིས་བརྗོད་ལ། ''ང་ཚོས་སྦལ་ཏི་སི་ཐན་གྱི་དོན་དུ་ལས་ཀ་བྱེད་ཀྱི་ཡོད་པ་རེད། འདི་ནི་པཱ ཀི་སི་ཐན་ལ་ཁ་གཏད་བཅག་པ་ཞིག་ནམ་ཡང་ཆགས་ཀྱི་ཡོད་མ་རེད། ཐ་ན་ང་ཚོར་ཁྲིམས་ཐོག་གི་ཐོབ་ཐང་མེད་ནའང་། པཱ་ཀི་སི་ཐན་གཞུང་གིས་ང་ཚོར་ཁ་པར་དང་། གློག ལམ། སློབ་གྲྭ་སོགས་འཛུགས་སྐྲུན་ཐད་དཔལ་འབྱོར་གྱི་རོགས་རམ་རྒྱ་ཆེན་པོ་གནང་ཡོད་པ་རེད་''ཅེས་འགྲེལ་བརྗོད་གནང་ཡོད། སྦལ་ ཏི་ཡུལ་འདིར་བོད་ཀྱི་འབྲོག་པ་རྣམས་དུས་ནམ་ཞིག་ནས་སླེབས་པ་གསལ་བོར་ཤེས་ རྟོགས་བྱུང་མེད་ནའང་བོད་ཀྱི་བཙན་པོའི་རྒྱལ་རབས་སྐབས་ནས་བཟུང་སྦལ་ཏི་ཡུལ་ནི་ བོད་རྒྱལ་ཁབ་ཀྱི་ས་ཁྱོན་ཆ་ཤས་སུ་གྲུབ་ཡོད་ལ། གང་ལྟར་ཡུལ་འདི་བོད་ལ་ཆོས་དང་རིག་གཞུང་གི་འབྲེལ་བ་ཆེན་པོ་ཡོད་སྟབས་དེང་སྐབས་ཀྱང་སྦལ་ཏི་ཡུལ་ལ་''བོད་ཆུང་བ་''ཞེས་ འབོད་སྲོལ་དར་ཡོད་པ་རེད།དུས་རབས་བཅུ་གཉིས་པ་ནས་བཟུང་སྦལ་ཏི་ཡུལ་དུ་བོད་ རིགས་མ་ཡིན་པའི་དབང་བསྒྱུར་བ་སླེབས་མགོ་ཚུགས་ཏེ་ཆོས་དང་རིག་གཞུང་ལ་ཡང་རིམ་ བཞིན་འཕོ་འགྱུར་བྱུང་མགོ་ཚུགས། དུས་ རབས་བཅུ་དྲུག་པ་ནས་བཟུང་ཡུལ་འདིར་ཏ་ཟིག་གི་ཁ་ཆེ་བ་རྣམས་དབུས་ཨེ་ཤ་ཡང་ཀཤཱི་ སྨིར་སོགས་བརྒྱུད་ནས་སླེབས་པ་དང་བསྟུན་སྦལ་ཏི་ཡུལ་འདི་ཁ་ཆེ་ཆོས་ལུགས་སུ་ བསྒྱུར་མགོ་ཚུགས་ཏེ། དེང་གི་དུས་སུའང་ཡུལ་འདིའི་བོད་རིགས་ཕལ་ཆེ་བ་ཁ་ཆེའི་ཆོས་སྒོར་ཞུགས་ཡོད་པ་རེད།
-- ༼ མེ་དམར་བོའི་འབར་ལམ་༽ཟིན་བྲིས་ལས་བཤུས།