ཨ་རིའི་ཡོངས་སྤྱོད་གློག་ཤུགས་ཚོང་སྡེས་སྤྱི་ཟླ་༤བའི་ཚེས་༢༧ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཞིབ་འཇུག་པ་ཚོས་ཤོང་ཚད་ཧ་ཅང་མཐོ་བའི་འཛིན་སྣོད་ཅིག་བཟོ་སྐྲུན་གྱི་ཞིབ་འཇུག་ལས་ཀ་ལམ་ལྷོངས་བྱུང་སྟེ། མི་འགྱངས་པར་ཐོན་རྫས་འདིས་སྲོལ་རྒྱུན་གྱི་འཛིན་སྣོད་CDའོད་སྡེར་དང་DVDའོད་སྡེར་ལ་རེ་ཞིག་ངལ་གསོ་སྦྱིན་རྒྱུ་རེད་ཟེར། བཀོད་པའི་གནས་ཚུལ་ལྟར་ན། འཛིན་སྣོད་གསར་པ་འདིའི་ཕྱི་དབྱིབས་དང་ཆེ་ཆུང་ནི་རྒྱུན་ལྡན་གྱི་DVDདང་གཅིག་མཚུངས་ཡིན་ཞིང་། ཤོང་ཚད་ནི་རྒྱུན་ལྡན་གྱི་DVDབརྒྱ་ཐམ་པའི་ཤོང་ཚད་ལས་བརྒལ་ཟེར། སྲོལ་རྒྱུན་གྱི་འཛིན་སྣོད་ཁག་གིས་སྟེང་ངོས་ཁོ་ན་མ་གཏོགས་མི་སྤྱོད་མོད། ད་ཐེངས་ཀྱི་འཛིན་ཆས་འདིས་ངོས་གསུམ་བེད་སྤྱོད་ཀྱི་ཡོད་ཟེར། འཛིན་སྣོད་གསར་པ་འདི་གཏོང་བྱེད་ནི་སྲོལ་རྒྱུན་གྱི་DVDགཏོང་བྱེད་དང་འདྲ་བས་མ་འོངས་པར་DVDདང་CDསོགས་ཀྱི་ནང་གི་རྒྱུ་ཆ་ཀློག་དགོས་ཚེ་གཏོང་བྱེད་གཅིག་པོ་འདིས་འཐུས་པ་རེད། -- ཐེ་བྲག་པས་བསྡུས་ཏེ་བསྒྱུར།