Showing posts with label དགོད་གཏམ།. Show all posts
Showing posts with label དགོད་གཏམ།. Show all posts

སྲིང་མོ་ཕྱེད་ཀ

ཞོགས་པ་ཞིག་ལ་བློ་བཟང་དགའ་སྤྲོ་དང་བཅས་ཁྱིམ་དུ་རྒྱུགས་ཡོང་ནས་དབུགས་ཧལ་བཞིན་ཤོད་དོན། “ཨ་ཕ། ཨ་མ། ང་ལ་གཏམ་བཟང་ཞིག་བཤད་རྒྱུ་ཡོད། ང་མི་འགྱངས་པར་ང་ཚོའི་གྲོང་བའི་ནང་གི་ཆེས་མཛེས་པའི་བུ་མོ་ཞིག་ལ་གཉེན་སྒྲིག་བྱེད་རྒྱུ་བྱས་ཡོད། ཁོ་མོ་འདུག་ས་ང་ཚོ་དང་ཐག་མི་རིང་ལ་ཁོ་མོའི་མིང་ལ་མེ་ཏོག་ཟེར།”
ཨ་ཕས་གཏམ་དེ་ཐོས་རྗེས་བློ་བཟང་ཉལ་ཁང་ནང་དུ་ཁྲིད་དེ་བཤད་རྒྱུར། “བློ་བཟང་། ངས་ཁྱོད་ལ་བཤད་རྒྱུ་ཞིག་ཡོད། ཁྱེད་ཀྱི་ཨ་མར་ལྟོས་དང། ངེད་གཉིས་བཟའ་ཚང་བྱས་ཏེ་ལོ་ངོ་༣༠ཙམ་འགྲོ་བཞིན་ཡོད་མོད་ཁོ་མོ་ད་དུང་ཡང་ག་འདྲ་མཛེས། འོན་ཀྱང་། ཁོ་མོར་ཉལ་སའི་ནང་ནས་རྩལ་དེ་འདྲ་མེད་རྐྱེན་ངས་ཕྱི་ལོགས་ནས་ཨ་རོགས་མང་བོ་བཙལ་བ་ཡིན། བློ་བཟང་། ཁྱེད་ཁོང་ཁྲོ་མ་ལངས། མེ་ཏོག་ནི་ཁྱེད་ཀྱི་སྲིང་མོ་ཕྱེད་ཀ་རེད།”
དོན་འདིས་བློ་བཟང་གི་སེམས་ཧ་ཅང་སྡུག་ཏུ་བཅུག་མོད་གང་ལྟར་རང་ཉིད་ཀྱི་ཕྱེད་སྲིང་མོ་ཞིག་ལ་འགྲོགས་སྲོལ་གང་ན་ཡོད། དེ་ལྟར་ཟླ་བ་བརྒྱད་ཙམ་སོང་རྗེས་བློ་བཟང་ཡང་བསྐྱར་བུ་མོ་གཞན་པ་ཞིག་དང་འགྲིག ལོ་གཅིག་གི་རྗེས་སུ་བློ་བཟང་ཁྱིམ་དུ་ལོག་སྟེ་སྤྲོ་སྣང་དང་བཅས་བཤད་རྒྱུར། “རིག་མོས་ང་དང་བསྒྲིག་རྒྱུ་ཡིན་ཟེར། ངེད་གཉིས་ད་ལོའི་ལོ་གསར་སྐབས་གཉེན་སྒྲིག་བྱེད་རྒྱུ་ཡིན།”
དོན་འདི་གོ་རྗེས་ཨ་ཕས་ཡང་བསྐྱར་བློ་བཟང་ཟུར་ཞིག་ཏུ་ཁྲིད་དེ་གཏམ་ངན་བཤད་དོན། “རིག་མོ་ཡང་ཁྱེད་ཀྱི་སྲིང་མོ་ཕྱེད་ཀ་རེད། བློ་བཟང་། ང་དངོས་གནས་ང་ནོངས། འོན་ཀྱང་། འདི་དོན་དངོས་རེད།”
དོན་འདི་ཐོས་རྗེས་བློ་བཟང་གི་སེམས་ནས་ཧ་ཅང་མ་དགའ་བར་ཐད་ཀར་ཨ་མའི་རྩར་བརྒྱུགས་ཏེ་དོན་འདི་ཨ་མ་ལ་བཤད། “ཨ་མ། ཨ་ཕས་འདི་འདྲའི་ཁྲེལ་མེད་ཀྱི་བྱ་བ་ཁོ་ན་བྱས་པའི་རྐྱེན་གྱིས་ད་ང་ལ་གཉེན་སྒྲིག་བྱེད་སའང་ལག་ལ་ཡོང་རྒྱུ་མ་རེད། ང་བུ་མོ་ཞིག་ལ་ཐུག་ཐེངས་རེ་རེར་ཨ་ཕས་དེ་ངའི་སྲིང་མོ་ཕྱེད་ཀ་རེད་ཟེར། ད་ཅི་བྱེད། ད་ང་འདི་ལྟར་ཚེ་གང་བོར་ཕོ་རྐྱང་དུ་འདུག་དགོས་སམ།”
སྐབས་འདིར་བློ་བཟང་ལ་མཚོན་ན་ཡ་མཚར་དགོས་པའི་དོན་དག་ཅིག་ནི། ཨ་མ་ཁོང་ཁྲོ་ལངས་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་འཛུམ་མདངས་དང་བཅས་བཤད་རྒྱུར། “ཧེ་ཧེ། གཅེས་ཕྲུག ཁྱེད་ཀྱིས་ཨ་ཕས་ཅི་བཤད་ལ་ཉན་དགོས་དོན་ཅང་མེད་། དོན་ངོ་མར་ཁོ་ཁྱེད་ཀྱི་ཨ་ཕ་ངོ་མ་བོ་མ་རེད།”

-- ཐེ་བྲག་པས་བཅོས་སྒྲིག་བྱས།

རྒྱ་རིགས་མྱུལ་མ་གླས་པ།

བོད་པ་ཚོང་བ་ཞིག་གིས་རང་ཉིད་ཀྱི་ཆུང་མ་མི་གཞན་པ་དང་མཉམ་དུ་ལུས་འབྲེལ་བྱེད་ཀྱི་ཡོད་པར་དོགས་པ་ཟོས། དེ་བས་ཁོས་མདོ་མེད་གྲོང་ཁྱེར་གྱི་སྐད་གྲགས་ཅན་གྱི་རྒྱ་རིགས་མྱུལ་ཞིབ་པ་སྐུ་ཞབས་ཀྲང་ལགས་གླས་ཏེ་རང་ཉིད་ཀྱི་ཆུང་མར་ལྟ་རྟོག་བྱེད་དུ་བཅུག་ཅིང་། གལ་སྲིད་རྒྱུན་ལྡན་མ་ཡིན་པའི་འགུལ་སྐྱོད་ཅི་ཞིག་ཡོད་ན་ཁོ་ལ་སྙན་གསེང་འབུལ་དགོས་ཞེས་བཤད། ཉིན་ཁ་ཤས་རྗེས་ནས་ཁོ་ལ་གནས་ཚུལ་གྱི་སྙན་ཞུ་ཞིག་འབྱོར།

བཀུར་འོས་ཚོང་དཔོན་ལགས།
ཁྱེད་རང་ཕྱི་ལོགས་སུ་སོང་།
ཁོ་རང་སླེབས།
ངས་བལྟས།
ཁོ་དང་ཁོ་མོ་གཉིས་ཀ་ཕྱི་ལོགས་སུ་སོང་།
ངས་རྗེས་དེད།
ཁོ་དང་ཁོ་མོ་གཉིས་མགྲོན་ཁང་གི་ནང་དུ་སོང་།
ང་སྡོང་མགོར་འཛེགས། སྒེའུ་ཁུང་ནང་ནས་བལྟས།
ཁོས་ཁོ་མོར་འོ་བྱས།
ཁོ་མོས་ཁོར་འོ་བྱས།
ཁོས་ཁོ་མོའི་གོན་པ་ཕུད།
ཁོ་མོས་ཁོའི་གོན་པ་ཕུད།
ཁོས་ཁོ་མོ་འཕུར་འཕུར་བྱས།
ཁོ་མོས་ཁོ་འཕུར་འཕུར།
ངས་རང་ཉིད་འཕུར་འཕུར་བྱས།
སྡོང་མགོ་ནས་ལྷུང་། ཅང་མཐོང་མ་སོང་།
གླ་མི་དགོས།

མིའི་གློ་བའི་ནང་དུ་ཐང་ཤིང་སྐྱེས་པ།

རཱ་ཤེ་ཡའི་མོ་སི་ཁོ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། རང་ལོ་༢༨ལ་སོན་པའི་ནད་པ་ཞིག་གི་གློ་བའི་ནང་ནས་རིང་ཚད་ལ་ལིའི་སྨིས་༥ཡོད་པའི་ཐང་ཤིང་རྙེད་ཡོད་པ་རེད།
དེ་ཡང་རང་ལོ་༢༨ལ་སོན་པའི་སི་རྡོན་ཁིན་གྱི་བྲང་ཁ་ན་ཞིང་ཁ་ལུད་ཀྱི་ནང་དུ་ཁྲག་ཡོད་པའི་རྐྱེན་གྱིས་སྨན་ཁང་དུ་བརྟག་དཔྱད་དུ་སོང་། སྨན་པ་ཚོས་ཁོང་ལ་གློ་བའི་སྐྲན་ནད་ཕོག་ཡོད་མེད་བལྟ་ཆེད་གློ་ཤུན་ཅུང་ཙམ་བཀོག་པ་ན། ཧང་སངས་དགོས་པ་ཤིག་ལ། སྨན་པ་ཚོས་མི་འདིའི་གློ་བའི་ནང་དུ་ལྗང་མདོག་ལྡན་པའི་ཡལ་ག་ཞིག་རྙེད་པ་རེད། ཁོང་ཚོས་རང་ཉིད་ཀྱི་མིག་ཟུང་ལ་ཡིད་མི་ཆེས་པའི་སྒོ་ནས་མུ་མཐུད་དུ་གཤག་བཅོས་བྱས་པས་མཐའ་མར་ཁོང་ཚོས་ནད་པའི་གློ་བའི་ནང་ནས་ཐང་ཤིང་གི་ཡལ་ག་ཧྲིལ་བོ་ཞིག་ཕྱིར་བཏོན་པ་རེད།
སྨན་པ་ཚོས་བཤད་རྒྱུར། ནད་པ་འདིས་འདི་ལྟ་བུའི་ཐང་ཤིང་ཞིག་ཁ་དབུགས་དང་ཆབས་ཅིག་རྔུབ་ཐུབ་ཐབས་མེད་པས། དོན་དམ་པར་ཐང་ཤིང་གི་ས་བོན་ཞིག་ཁོས་དབུགས་རྔུབ་དུས་གློ་བའི་ནང་དུ་སོང་བ་དང་། དེ་རྗེས་རིམ་བཞིན་ས་བོན་དེར་མྱུ་གུ་འབུས་ཏེ་ཡལ་ག་རྒྱས་པ་རེད་ལ། ནད་པའི་ཁ་ལུད་ཀྱི་ནང་དུ་ཁྲག་ཡོང་བ་ནི་གསར་དུ་འབུས་པའི་ཡལ་གའི་ཚེར་མ་ཡིས་ཁོའི་གློ་བའི་ནང་ངོས་སུ་བརྡར་བའི་རྐྱེན་གྱིས་ཐོན་པ་རེད་ཟེར།

-- ཐེ་བྲག་པས་བསྡུས་ཏེ་བསྒྱུར།

བྱིས་བློའི་དགོད་གཏམ།

ཇོ་བོ་རིན་པོ་ཆེ་འཚོལ་བ།

དགེ་རྒན་དོན་འགྲུབ་ཀྱིས་སློབ་མ་ཚོའི་སེམས་སུ་དོན་དམ་པར་རང་རེའི་སྲོལ་རྒྱུན་ཆོས་ལུགས་ཀྱི་བག་ཆགས་ག་ཚོད་ཡོད་མེད་བལྟ་ཆེད་དུ། "ཇོ་བོ་རིན་པོ་དེ་རིང་གང་དུ་བཞུགས་ཡོད་དམ།" ཞེས་དྲིས་པར།
སློབ་བུ་བཀྲ་ཤིས་ཀྱིས་ལག་པ་ཡར་བཀྱགས་ཏེ། "ཇོ་བོ་རིན་པོ་ཆེ་ལྷ་སར་བཞུགས་ཡོད།" ཅེས་ལན་བཏབ།
སློབ་བུ་ཚེ་རིང་གིས་ལན་འདེབས་དོན། "ཇོ་བོ་རིན་པོ་ཆེ་སོ་སོའི་སེམས་སུ་བཞུགས་ཡོད།" ཟེར།
སློབ་ཕྲུག་ཟླ་བས་ལག་ཆུང་གཉིས་མྱུར་མོས་གཡུག་བཞིན། "ཇོ་བོ་རིན་པོ་ཆེ་ངེད་ཚང་གི་སྤྱོད་ཁང་དུ་བཞུགས་ཡོད།" ཟེར་བར། དགེ་རྒན་དོན་འགྲུབ་ཀྱིས་མཚར་སྣང་དང་བཅས་འདྲི་རྒྱུར། "དེར་བཞུགས་ཡོད་པ་ཁྱེད་ཀྱིས་ཅི་ལྟར་ཤེས།"
སློབ་ཕྲུག་ཟླ་བས་ཐེ་ཚོམ་ཅི་ཡང་མེད་པར་ཤོད་དོན། "རྒྱུན་དུ་ཞོགས་པར་ངེད་ཚང་གི་ཨ་ཕས་སྤྱོད་ཁང་གི་སྒོར་ཁུ་ཚུར་གྱིས་རྡུང་བཞིན། ‘ཇོ་བོ་རིན་པོ། ཁྱེད་ད་དུང་ཡང་ནང་དུ་ཡོད་དམ’ཅེས་སྐད་ཅོར་རྒྱག" ཟེར།

ཁ་བཙོག་དགོད་གཏམ།

ཐེངས་གསུམ་བག་མ་ཞབས་གསར་མ།

ལོ་ན་ཅུང་ཆེ་བའི་བུད་མེད་ཅིག་གིས་རང་ཉིད་ཀྱི་གཉེན་སྒྲིག་ཐེངས་བཞི་བའི་གཉེན་སྟོན་ལ་གྲ་སྒྲིག་བྱེད་ཆེད། གཉེན་དོན་སློབ་སྟོན་པའི་རྩར་བསླབ་བྱར་ཉན་དུ་སོང་།
“སྐུ་ཞབས་ལགས། ངས་ངའི་ཁྱོ་ག་ལ་ང་དུང་ཡང་ཞབས་གསར་མ་ཞིག་ཡིན་པ་དེ་ཅི་ལྟར་ཤོད་དགོས་སམ།”
“བུ་མོ། ཁྱོད་གཉེན་སྒྲིག་ཐེངས་དེ་འདྲའི་མང་བོ་ཞིག་བྱས་པས། ཁྱེད་ཞབས་གསར་མ་ཞིག་ཡིན་སྲོལ་མེད།”
“སྐུ་ཞབས། ངའི་ཁྱོ་ག་དང་པོ་དེ་སེམས་ཁམས་རིག་པ་བ་ཞིག་ཡིན་པས། ཁོ་རང་གིས་གཅིག་བྱེད་འདོད་པ་ནི་སྐད་ཆ་བཤད་རྒྱུ་ཁོ་ན་རེད། དེའི་རྗེས་ཀྱི་ཁྱོ་ག་དེ་འཛུགས་སྐྲུན་ངལ་རྩོལ་ལས་ཀ་པ་ཞིག་ཡིན་པས། རྒྱུན་དུ་ངེད་གཉིས་ཀྱིས་དེ་སང་ཉིན་ལས་ཟེར། ཁྱོ་ག་མཐའ་མ་དེ་མོ་ནད་སྨན་པ་ཞིག་ཡིན་པས། ཁོས་རྒྱུན་པར་ངའི་དེ་ལ་ལྟ་ཞིབ་བྱས་ནས་བསྡད། ད་ཐེངས་ང་ཁྲིམས་རྩོད་པ་ཞིག་དང་མཉམ་དུ་གཉེན་སྒྲིག་བྱེད་བཞིན་ཡོད་པས། ད་ཐེངས་ཡིན་ན་ངའི་ཨོང་ཤ་ས་ལ་རྡེབ་རྒྱུ་རེད།”


ཉལ་དང་ལངས་པའི་ཁྱད་པར།

ཕོ་གསར་ཞིག་སྲང་བར་དུ་མྱུལ་བཞིན་པའི་སྨད་འཚོང་མ་དེའི་འགྲམ་དུ་སོང་སྟེ། "ག་ཚོད་རེད།" ཅེས་དྲིས་པར། ཁོ་མོས་འཛེམས་དོགས་མེད་པར། "མར་ཉལ་ན་སྒོར་མོ་༡༠༠དང་ལངས་ཏེ་ལས་ན་སྒོར་མོ་༧༥་རེད།" ཅེས་ལན་བཏབ། ཕོ་གསར་གྱིས་མགོ་འཕྲུག་བཞིན། "དེ་གཉིས་ལ་ཁྱད་པར་ཅི་ཞིག་འདུག" ཅེས་པར། ཁོ་མོས། "འོ། དེ་ངའི་སྐྲ་མཛེས་བཟོ་མཁན་གྱི་རིན་རེད།" ཅེས་བཤད།

དགོད་གཏམ།

ཞི་ལ་ནག་པོ་བཀྲ་ཤིས་པའི་རྟགས།

ཚེ་རིང་གིས། ཨ་ཕ།ཇ་ཁང་ནང་དུ་ཞི་ལ་ནག་པོ་ཞིག་འདུག
ཨ་ཕས། དེ་ཡག་པོ་རེད།ཞི་ལ་ནག་པོ་བཀྲ་ཤིས་པའི་རྟགས་རེད།
ཚེ་རིང་གིས། རྒྱུན་དུ་དེ་འདྲ་མིན་པ་འདྲ།ཞི་ལ་ནག་པོ་འདིས་ཁྱེད་ཀྱི་དགོང་ཟས་བཟའ་བཞིན་འདུག

ལི་རྒྱ་མ་གཉིས།
ཨ་མས། ངས་ངའི་ཕྲུ་གུ་ལི་རྒྱ་མ་གཉིས་ཉོ་རུ་མངགས་ཀྱང་ཁྱེད་ཀྱིས་ཁོ་ལ་རྒྱ་མ་གཅིག་དང་ཕྱེད་ཀ་མ་གཏོགས་སྤྲད་མི་འདུག
ཚོང་པས། ལྕམ་མོ།ངའི་རྒྱ་མར་ནོར་འཆུགས་མེད།ཁྱེད་ཀྱིས་རང་ཉིད་ཀྱི་ཕྲུ་གུ་རྒྱ་མར་ཨེ་ཚད།

རྒུན་འབྲུམ་དང་ངང་ལག
ཚེ་རིང་གིས། ཨ་ཕ།རྒུན་འབྲུམ་བཞིའི་སྟེང་དུ་གསུམ་བཞག་ན་ག་ཚོད་རེད།
ཨ་ཕས། ཁྱེད་ཀྱིས་རྩིས་གཞི་འདི་འདྲའི་སླ་བོ་ཞིག་ཀྱང་རྩི་མི་ཤེས་སམ།ཁྱེད་ཀྱིས་རྩིས་གཞི་འདི་འདྲ་ཞིག་སྔོན་ཆད་བརྩིས་མྱོང་མེད་དམ།
ཚེ་རིང་གིས། མ་རེད།ཨ་ཕ།ང་ཚོས་སློབ་གྲྭ་ནས་རྒྱུན་པར་ངང་ལག་བེད་སྤྱོད་བཏང་བ་ཡིན།

ཨ་མ་དང་ཕྲུ་གུ
ཨ་མས། ཕ་ཡུལ་ལགས།ཁྱེད་ནི་ངའི་སྙིང་ཉེ་བའི་ཡུམ་ཆེན་ཡིན།
ཕྲུ་གུས། ཕ་ཡུལ་ལགས།ཁྱེད་ནི་ངའི་སྙིང་ཉེ་བའི་རྨོ་རྨོ་ཡིན།
ཨ་མས། ཁྱེད་ཀྱིས་ཅིའི་ཕྱིར་དེ་ལྟར་བཤད་པ་ཡིན།
ཕྲུ་གུས། ཁྱེད་ཀྱི་ཡུམ་ཆེན་ངའི་རྨོ་རྨོ་མ་ཡིན་ནམ།