བོད་ཡིག་གཏག་ཚུལ་གཅིག་གྱུར་གཏོང་རྒྱུའི་རེ་ཞུ།

ང་ ཚོའི་མེས་པོའི་ཤུལ་བཞག་གི་སྐད་ཡིག་གཙང་མ་འདི་ཉིད་དེང་གི་འཛམ་གླིང་འཕེལ་ རྒྱས་ཀྱི་འགྲོས་དང་བསྟུན་ནས་ཆ་འཕྲིན་ལམ་དུ་བསྐྱོད་དང་སྐྱོད་བཞིན་པ་འདི་ནི་ ང་ཚོ་བོད་མི་ཡོངས་ཀྱི་ང་རྒྱལ་དང་གཟི་བརྗིད་རེད་ལ། ཁྱད་ པར་དུ་ཁྱེད་ཚོ་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་རླབས་པོ་ཆེར་ཐུགས་ ཁུར་གནང་བའི་ཤེས་ལྡན་མི་སྣ་ཀུན་གྱི་མཛད་རྗེས་གལ་ཆེན་ཞིག་རེད། བོད་ ཀྱི་སྐད་ཡིག་ཆ་འཕྲིན་ལམ་དུ་བསྐྱོད་པ་ནས་བཟུང་། རང་རེའི་བོད་ཀྱི་རིག་གནས་རྒྱུད་འཛིན་དང་གོང་སྤེལ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས། རྒྱལ་ཕྱི་ནང་གི་བོད་རིགས་སྤུན་ཟླའི་བར་གྱི་མཛའ་འབྲེལ་སོགས་ཕྱོགས་གང་ཐད་ནས་ ནུས་པ་ཆེན་པོ་འདོན་སྤེལ་བྱེད་ཐུབ་ཡོད། ཡིན་ ནའང་དེང་སང་བོད་ཡིག་མཉེན་ཆས་གང་མང་ཞིག་གསར་གཏོད་བྱེད་པའི་ཁྲོད་རྙོག་འཛིང་གི་ རང་བཞིན་རྒྱུན་མི་ཆད་པ་ཞིག་ཡོད་པ་ནི། བོད་ཡིག་མཉེན་ཆས་སྣ་ཚོགས་དར་བ་དང་མཉམ་དུ་བོད་ཡིག་གཏག་ཚུལ་ཡང་རྣམ་པ་སྣ་ཚོགས་ ཤིག་ཡོད་པས་ང་ཚོ་བོད་ཡིག་བཀོལ་མཁན་དག་ལ་དཀའ་གནད་མང་པོ་ཞིག་འཕྲད་ཀྱིན་ཡོད། དཔེར་ན། པཎ་ཊི་ཏ་བཀོལ་མཁན་ཞིག་གིས་ད་དུང་ཧི་མ་ལ་ཡ་དང་སམ་བྷོ་ཊ། དབྱངས་ཅན། དོན་ཡོད་སོགས་གཞན་དག་གི་མཉེན་ཆས་བཀོལ་མི་ཤེས་པ་དང་། སམ་བྷོ་ཊ་བཀོལ་མཁན་གྱིས་ཧི་གཟུགས་དང་པཎ་གཟུགས་སོགས་བཀོལ་མི་ཤེས་པ། ཧི་ གཟུགས་བཀོལ་མཁན་གྱི་པཎ་གཟུགས་དང་དོན་ཡོད་སོགས་གཞན་དག་གི་མཉེན་ཆས་བཀོལ་མི་ ཤེས་པ་སོགས་སྤྱིར་ན་བོད་ཡིག་གཅིག་པ་ཡིན་རུང་གཏག་ཚུལ་མི་འདྲ་བའི་རྐྱེན་གྱིས་ ཡིག་ཆ་སྣ་ཚོགས་ཐག་གཅོད་དང་པར་སྐྲུན་བྱེད་པ། དྲ་རྒྱ་ལྟ་བ། ཟིན་བྲིས་སྤེལ་བ། སྐད་འཇོག་པ་སོགས་ཀྱི་ཐད་ལ་དཀའ་གནད་དང་རྙོག་འཛིང་ཧ་ཅང་ཆེན་པོ་ཞིག་འདུག། དེའི་ ཕྱིར་ན་བོད་ཡིག་མཉེན་ཆས་ཅི་ཙམ་མང་པོ་ཞིག་གསར་གཏོད་བྱས་ན་དེ་ལས་ཀྱང་བཟང་མོད་ ཡི་གེ་གཏག་ཚུལ་ཐད་ནས་གཅིག་གྱུར་མ་བྱས་ཐབས་མེད་དང་གལ་ཏེ་གཅིག་གྱུར་བྱས་ན་ བོད་ཡིག་བཀོལ་མཁན་ཚོ་ལའང་སྟབས་བདེ་བ་དང་རང་རེའི་བོད་ཀྱི་སྐད་ཡིག་བཟང་པོ་ འདི་ཆ་འཕྲིན་ལམ་ནས་བདེ་བླག་ངང་འཕེལ་རྒྱས་འགྲོ་བར་དགེ་མཚན་ཆེན་པོ་འདུག་སྟེ།

༡ ༽ཧི་མ་ཡ་དང་སྨོན་ལམ་གསུམ་པ་ནི་རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་ནང་དུ་འཇུག་ཐུབ་ ཡོད་པ་དང་། འདིའི་ཡི་གེ་གཏག་བདེ་བ། རྩིས་འཁོར་གྱི་མ་ལག་དང་དྲ་རྒྱ་སོགས་ནས་གང་མོས་སུ་བཀོལ་སྤྱོད་གཏོང་ཐུབ་པའི་ ཁྱད་ཆོས་ལྡན་པས། གལ་སྲིད་དེང་སང་གི་པཎ་གཟུགས་དང་སམ་བྷོ་ཊ། དབྱངས་ཅན། དོན་ ཡོད་སོགས་ཡིག་གཟུགས་འདི་ཐམས་ཅད་ཧི་གཟུགས་གཅིག་པུའི་ཁོངས་སུ་བསྡུ་རྒྱུ་དང་ ཡི་གེའི་གཏག་ཚུལ་ཡང་ཧི་གཟུགས་ཀྱི་གཏག་ཚུལ་དང་གཅིག་མཚུངས་ཐུབ་ན། ཡིག་གཟུགས་དེ་དག་ཧི་མ་ལ་ཡ་དང་སྨོན་ལམ་གསུམ་པ་ནང་བཞིན་དུ་ཁྱབ་རྒྱ་ཆེན་པོ་ གཏོང་ཐུབ།

༢ ༽བོད་ཡིག་ལ་དབྱངས་གསལ་སོ་བཞི་ལས་མེད་པ་དང་འདི་ནི་འཛམ་གླིང་སྔོན་ཐོན་གྱི་ སྒྲ་ལྡན་ཡིག་རིགས་ཡིན་ཕྱིན་འདིའི་གཏག་ཚུལ་ཡང་དབྱིན་ཡིག་ལྟ་བུའི་འཐེབ་གཞོང་ གི་སྒྲིག་བཀོད་གཅིག་གྱུར་བྱེད་པ་ལས་འདྲ་གཟུགས་ཡི་གེ་རྒྱ་ཡིག་ལྟ་བུའི༼五笔输入、智能ABC、郑码、全拼、双拼༽ལྟ་བུའི་གཏག་ཚུལ་འདྲ་མིན་སྣ་ཚོགས་དགོས་དོན་གཏན་ནས་མེད། འདིས་ ཡིག་འབྲུ་སོ་བཞིའི་གཏག་ཚུལ་རྙོག་འཛིང་ཅན་ཞིག་ཏུ་སྒྱུར་བ་ལས་མི་ཁ་ཤས་ཀྱིས་ བཤད་པ་ལྟ་བུའི་གཏག་ཚུལ་ཅི་ཙམ་མང་ཡང་དེ་ཙམ་གྱི་བོད་ཡིག་སྔོན་ཐོན་གྱི་རྣམ་པ་ མཚོན་པའི་ངེས་པ་ཅི་ཡང་མེད།

༣ ༽བོད་ཡིག་མཉེན་ཆས་འདི་དག་ཧི་གཟུགས་ཀྱི་ཁོངས་སུ་བསྡུ་བ་དང་གཏག་ཚུལ་ཡང་གཅིག་ གྱུར་ཐུབ་ན་བོད་ཡིག་འདི་ཆ་འཕྲིན་ཐད་ནས་བདེ་བླག་ངང་འཕེལ་རྒྱས་འགྲོ་བ་དང་། དཔེར་ན་ཧི་གཟུགས་གཏག་ཤེས་ཚེ་པཎ་གཟུགས་དང་དོན་ཡོད་སོགས་གཞན་དག་གི་ཡིག་གཟུགས་ཚང་མ་གཏག་ཤེས་པ་མ་ཚད། ཡིག་ གཟུགས་ཐད་ནས་རང་གི་དགའ་ཕྱོགས་དང་བསྟུན་ནས་པཎ་གཟུགས་དང་དོན་ཡོད་སོགས་ཀྱི་ ཡིག་གཟུགས་གང་ཞིག་འདེམས་ན་ཆོག་ལ། ཡིག་གེའི་གཏག་ཚུལ་ཐད་ཀྱི་དཀའ་རྙོག་ཐམས་ཅད་ཀྱང་རང་བཞིན་ནས་སེལ་ཐུབ།

༤ ༽གལ་སྲིད་ཧི་གཟུགས་དང་པཎ་གཟུགས་སོགས་ཀྱི་ཡི་གེའི་ཆེ་ཆུང་དང་ཡིག་གཟུགས་སོགས་ གང་ཞིག་རང་གི་དགོས་མཁོ་དང་མི་འཐད་ཚེ་དེ་དག་དྲ་རྒྱའི་ཐོག་ནས་བཀོལ་མཁན་གྱི་ བསམ་འཆར་བསྡུ་ལེན་བྱས་ནས་རིམ་བཞིན་འཐུས་སྒོ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་ བཏང་ན་ཆོག།

༥༽བོད་ཡིག་གཏག་ཚུལ་གཅིག་གྱུར་བྱེད་ཐུབ་ན། ང་ཚོ་བཀོལ་མཁན་ལ་ཧ་ཅང་སྟབས་བདེ་བ་མ་ཚད། དེང་ སང་པཎ་གཟུགས་ཁོ་ནར་མཁྲེགས་འཛིན་བྱེད་པའམ། ཧི་གཟུགས་ཁོ་ནར་མཁྲེགས་འཛིན་བྱས་པ། ཡང་ན་དོན་ཡོད་དང་སམ་བྷོ་ཊ་ཁོ་ནར་མཁྲེགས་འཛིན་བྱས་གནད་དོན་སེལ་ཐུབ་ལ། བོད་ཀྱི་མཐུན་སྒྲིལ་དང་བོད་སྐད་གཅིག་གྱུར། མ་འོངས་བོད་ཀྱི་མཉེན་ཆས་གཞན་དག་གསར་གཏོད་བྱེད་པ་སོགས་ལ་གཞི་རྩ་བརྟན་པོ་འཇོག་ཐུབ།

-- <<ཁ་བའི་རང་མདངས་>>ཞེས་པའི་པོད་ཁུག་ལས་བཤུས།

3 comments:

ཤིས་ཚང་ལྗང་མྱུག said...

དྲ་གྲོགས་ཐེ་བྲག་པ་ལགས། སྐུ་ཉིད་ཀྱིས་ཁོ་བོའི་དྲ་དེབ་ལ་གཟིགས་ནས་ལེགས་ཉེས་ཀྱི་བསམ་འཆར་རེ་སྩོལ་རོགས།

ཐེ་བྲག་པ། said...

འོ་ཡ། གྲོགས་ཤིས་ཚང་པ་ལགས།

ང་དུར་ཁྲོད said...

ཡག་པོ་འདུག རྗེས་མར་འབྲེལ་བ་བྱེད་རོགས།

Post a Comment

དཔྱད་གླེང་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས་ལ། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག
འདིར་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་དང་འགལ་བའི་སྐད་ཆ། གང་ཟག་སྒེར་པར་ངོ་མཚང་འབྲུ་བའི་སྐད་ཆ། དེ་བཞིན་ཆོས་ལུགས་དང་རིག་གཞུང་ཕན་ཚུན་ལ་མཐོང་ཆུང་གི་སྐད་ཆ་བཅས་སྤོང་རོགས།
དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག