GB༥༠༠ཅན་གྱི་འཛིན་སྣོད་འོད་སྡེར་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ།

ཨ་རིའི་ཡོངས་སྤྱོད་གློག་ཤུགས་ཚོང་སྡེས་སྤྱི་ཟླ་༤བའི་ཚེས་༢༧ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཞིབ་འཇུག་པ་ཚོས་ཤོང་ཚད་ཧ་ཅང་མཐོ་བའི་འཛིན་སྣོད་ཅིག་བཟོ་སྐྲུན་གྱི་ཞིབ་འཇུག་ལས་ཀ་ལམ་ལྷོངས་བྱུང་སྟེ། མི་འགྱངས་པར་ཐོན་རྫས་འདིས་སྲོལ་རྒྱུན་གྱི་འཛིན་སྣོད་CDའོད་སྡེར་དང་DVDའོད་སྡེར་ལ་རེ་ཞིག་ངལ་གསོ་སྦྱིན་རྒྱུ་རེད་ཟེར། བཀོད་པའི་གནས་ཚུལ་ལྟར་ན། འཛིན་སྣོད་གསར་པ་འདིའི་ཕྱི་དབྱིབས་དང་ཆེ་ཆུང་ནི་རྒྱུན་ལྡན་གྱི་DVDདང་གཅིག་མཚུངས་ཡིན་ཞིང་། ཤོང་ཚད་ནི་རྒྱུན་ལྡན་གྱི་DVDབརྒྱ་ཐམ་པའི་ཤོང་ཚད་ལས་བརྒལ་ཟེར། སྲོལ་རྒྱུན་གྱི་འཛིན་སྣོད་ཁག་གིས་སྟེང་ངོས་ཁོ་ན་མ་གཏོགས་མི་སྤྱོད་མོད། ད་ཐེངས་ཀྱི་འཛིན་ཆས་འདིས་ངོས་གསུམ་བེད་སྤྱོད་ཀྱི་ཡོད་ཟེར། འཛིན་སྣོད་གསར་པ་འདི་གཏོང་བྱེད་ནི་སྲོལ་རྒྱུན་གྱི་DVDགཏོང་བྱེད་དང་འདྲ་བས་མ་འོངས་པར་DVDདང་CDསོགས་ཀྱི་ནང་གི་རྒྱུ་ཆ་ཀློག་དགོས་ཚེ་གཏོང་བྱེད་གཅིག་པོ་འདིས་འཐུས་པ་རེད།

-- ཐེ་བྲག་པས་བསྡུས་ཏེ་བསྒྱུར།

4 comments:

♥♥♥♥♥ Jennifer™® ♥♥♥♥♥ said...

your blog is very nice

ཐེ་བྲག་པ། said...

ཁྱེད་ཀྱིས་དོ་སྣང་གནང་བར་ཐུགས་རྗེ་ཆེ།

Anonymous said...

དྲ་གྲོགས་ལགས། དེ་རིང་ཧི་གཟུགས་ཟིན་བྲིས་ཀྱི་ཁོ་བོའི་ཟིན་བྲིས་ཀྱི་སྦྱར་བྱང་ཞིག་ཏུ་ཁྱོད་ཀྱི་དྲ་དེབ་འདིའི་ཁ་བྱང་བཀོད་འདུག་པས་བལྟ་ཀློག་བྱས་པ་ཡིན་ལ། ཕྱོགས་ཡོངས་ནས་འཐུས་སྒོ་ཚང་བ་ཞིག་ཏུ་བཟོས་འདུག ཁོ་བོས་པོད་ཁུག་བཟོ་སྟངས་འདི་རགས་ཙམ་ཞིག་ཧི་གཟུགས་ཟིན་བྲིས་སུ་བཀོད་ཡོད་མོད། ད་དུང་མ་འདང་མ་འཐུས་པ་མང་བོ་ཞིག་ཡོད་ངེས་པས་སྐུ་ཉིད་ཀྱིས་དེ་ལྟར་ངོ་སྤྲོད་གསལ་བོ་ཞིག་བྱེད་ཐུབ་ནཕན་ཐོགས་ཆེ་བར་སྙམ། ངའི་གློག་འཕྲིན་ཁ་བྱང་། shitsangwa@yahoo.com འདི་ཡིན་པས་འབྲེལ་བ་གནང་རོགས།

ཐེ་བྲག་པ། said...

དྲ་གྲོགས་ཤིས་ཚང་པ་ལགས། ཁོ་བོར་ཁ་སང་དེ་རིང་ལས་ཀ་ཅུང་མང་བས་གློ་བུར་དུ་པར་རིས་དང་ལྡན་པའི་ངོ་སྤྲོད་ཅིག་སྤེལ་རྒྱུ་དཀའ་མོད། འོན་ཀྱང་། ཁོ་བོས་གང་མགྱོགས་མགྱོགས་ཀྱིས་སྤེལ་ཐབས་བྱེད། ཐུགས་རྗེ་ཆེ།

Post a Comment

དཔྱད་གླེང་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས་ལ། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག
འདིར་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་དང་འགལ་བའི་སྐད་ཆ། གང་ཟག་སྒེར་པར་ངོ་མཚང་འབྲུ་བའི་སྐད་ཆ། དེ་བཞིན་ཆོས་ལུགས་དང་རིག་གཞུང་ཕན་ཚུན་ལ་མཐོང་ཆུང་གི་སྐད་ཆ་བཅས་སྤོང་རོགས།
དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག