མི་ཀླད་སྟོང་ཞིག་གིས་མི་གྲུང་བོ་ཞིག་གི་གསུང་དེ་ཇི་ལྟ་བ་བཞིན་དུ་ལུང་འདྲེན་བྱེད་ཐབས་མེད་དེ། རྒྱུ་མཚན་ནི་ཁོས་རང་ཤུགས་ཀྱིས་རང་ཉིད་ཀྱིས་ཅི་ཐོས་དེ་རང་ཉིད་ཀྱིས་ཧ་གོ་ཚོད་ལྟར་འགྲེལ་བརྗོད་བྱེད་པས་སོ།།
--དུས་རབས་ཉི་ཤུ་བའི་ཚབ་མཚོན་ཤེར་རྟོག་རིག་པ་བ་སྐུ་ཞབས་རཱུ་ཟེལ་གྱིས།
ངས་རང་ཉིད་ཀྱི་ལྟ་བའི་ཆེད་དུ་སྲོག་གཏོང་མི་ནུས་ཏེ། རྒྱུ་མཚན་ནི་ང་ནོར་ཡོད་སྲིད་པས་སོ།།
--དུས་རབས་ཉི་ཤུ་བའི་ཚབ་མཚོན་ཤེར་རྟོག་རིག་པ་བ་སྐུ་ཞབས་རཱུ་ཟེལ་གྱིས།
གལ་སྲིད་འཇིག་རྟེན་འདིར་རང་ལས་གཞན་གྱི་བདེ་སྐྱིད་ལ་སྙེག་མཁན་མང་བོ་ཞིག་ཡོད་མྱོང་ན། ང་ཚོའི་འཇིག་རྟེན་འདི་ཉིན་གཉིས་གསུམ་གྱི་ནང་ལྷ་ཡུལ་དུ་འགྱུར་ཡོད་རྒྱུ་རེད།
--དུས་རབས་ཉི་ཤུ་བའི་ཚབ་མཚོན་ཤེར་རྟོག་རིག་པ་བ་སྐུ་ཞབས་རཱུ་ཟེལ་གྱིས།
འགྲོ་བ་མི་ནི་གནས་ལུགས་ལ་དགའ་བའི་སེམས་ཅན་ཞིག་ཡིན་ཟེར། ངས་མི་ཚེ་གང་བོར་ལྟ་བ་འདིའི་རྒྱབ་སྐྱོར་དུ་རུང་བའི་ཁུངས་ལུང་བཙལ་ནས་བསྡད།
--དུས་རབས་ཉི་ཤུ་བའི་ཚབ་མཚོན་ཤེར་རྟོག་རིག་པ་བ་སྐུ་ཞབས་རཱུ་ཟེལ་གྱིས།
སྲིད་གཞུང་ཞིག་ཁྲིམས་ལུགས་མེད་ཀྱང་ལས་སླ་བོར་གནས་ཐུབ་མོད། ཁྲིམས་ལུགས་ནི་སྲིད་གཞུང་མེད་ན་གནས་མི་ཐུབ།
--དུས་རབས་ཉི་ཤུ་བའི་ཚབ་མཚོན་ཤེར་རྟོག་རིག་པ་བ་སྐུ་ཞབས་རཱུ་ཟེལ་གྱིས།
རྒྱལ་གཅེས་རིང་ལུགས་ནི་དོན་ཆུང་གི་ཆེད་དུ་གསོད་དང་གསོད་བྱར་འགྱུར་བའི་མོས་བློ་ཡིན།
--དུས་རབས་ཉི་ཤུ་བའི་ཚབ་མཚོན་ཤེར་རྟོག་རིག་པ་བ་སྐུ་ཞབས་རཱུ་ཟེལ་གྱིས།
རྒྱལ་གཅེས་རིང་ལུགས་པ་ཚོས་རྟག་པར་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་ཆེད་དུ་འཆི་དགོས་རབས་བརྗོད་པ་ལས་གསོད་དགོས་རབས་མི་བརྗོད།
--དུས་རབས་ཉི་ཤུ་བའི་ཚབ་མཚོན་ཤེར་རྟོག་རིག་པ་བ་སྐུ་ཞབས་རཱུ་ཟེལ་གྱིས།
ཆེས་ཛ་དྲག་ཆེ་བའི་རྩོད་རྙོག་ཁག་ནི་ཕྱོགས་གཉིས་ཀར་བདེན་དཔང་ཡང་དག་ཅིག་མེད་པའི་སྐབས་སུ་འབྱུང་།
--དུས་རབས་ཉི་ཤུ་བའི་ཚབ་མཚོན་ཤེར་རྟོག་རིག་པ་བ་སྐུ་ཞབས་རཱུ་ཟེལ་གྱིས།
དགོད་གཏམ།
ཞི་ལ་ནག་པོ་བཀྲ་ཤིས་པའི་རྟགས།
ཚེ་རིང་གིས། ཨ་ཕ།ཇ་ཁང་ནང་དུ་ཞི་ལ་ནག་པོ་ཞིག་འདུག
ཨ་ཕས། དེ་ཡག་པོ་རེད།ཞི་ལ་ནག་པོ་བཀྲ་ཤིས་པའི་རྟགས་རེད།
ཚེ་རིང་གིས། རྒྱུན་དུ་དེ་འདྲ་མིན་པ་འདྲ།ཞི་ལ་ནག་པོ་འདིས་ཁྱེད་ཀྱི་དགོང་ཟས་བཟའ་བཞིན་འདུག
ལི་རྒྱ་མ་གཉིས།
ཨ་མས། ངས་ངའི་ཕྲུ་གུ་ལི་རྒྱ་མ་གཉིས་ཉོ་རུ་མངགས་ཀྱང་ཁྱེད་ཀྱིས་ཁོ་ལ་རྒྱ་མ་གཅིག་དང་ཕྱེད་ཀ་མ་གཏོགས་སྤྲད་མི་འདུག
ཚོང་པས། ལྕམ་མོ།ངའི་རྒྱ་མར་ནོར་འཆུགས་མེད།ཁྱེད་ཀྱིས་རང་ཉིད་ཀྱི་ཕྲུ་གུ་རྒྱ་མར་ཨེ་ཚད།
རྒུན་འབྲུམ་དང་ངང་ལག
ཚེ་རིང་གིས། ཨ་ཕ།རྒུན་འབྲུམ་བཞིའི་སྟེང་དུ་གསུམ་བཞག་ན་ག་ཚོད་རེད།
ཨ་ཕས། ཁྱེད་ཀྱིས་རྩིས་གཞི་འདི་འདྲའི་སླ་བོ་ཞིག་ཀྱང་རྩི་མི་ཤེས་སམ།ཁྱེད་ཀྱིས་རྩིས་གཞི་འདི་འདྲ་ཞིག་སྔོན་ཆད་བརྩིས་མྱོང་མེད་དམ།
ཚེ་རིང་གིས། མ་རེད།ཨ་ཕ།ང་ཚོས་སློབ་གྲྭ་ནས་རྒྱུན་པར་ངང་ལག་བེད་སྤྱོད་བཏང་བ་ཡིན།
ཨ་མ་དང་ཕྲུ་གུ
ཨ་མས། ཕ་ཡུལ་ལགས།ཁྱེད་ནི་ངའི་སྙིང་ཉེ་བའི་ཡུམ་ཆེན་ཡིན།
ཕྲུ་གུས། ཕ་ཡུལ་ལགས།ཁྱེད་ནི་ངའི་སྙིང་ཉེ་བའི་རྨོ་རྨོ་ཡིན།
ཨ་མས། ཁྱེད་ཀྱིས་ཅིའི་ཕྱིར་དེ་ལྟར་བཤད་པ་ཡིན།
ཕྲུ་གུས། ཁྱེད་ཀྱི་ཡུམ་ཆེན་ངའི་རྨོ་རྨོ་མ་ཡིན་ནམ།

གངས་ཁྲོད་དུ་རྒྱུ་བའི་གླུ་དབྱངས།
སྟོད་གངས་དཀར་རི་བོའི་རྩེ་མོ་ན།།
སེང་དཀར་མོ་གསུམ་གྱིས་གཡུ་རལ་ངོམ།།
མགོ་གཡུ་རལ་མ་བདེ་མ་ཡིན་ཏེ།།
ལུས་དཔའ་སྟོབས་རྫོགས་པའི་རྟགས་མཚན་རེད།།
བར་རྫ་རི་སྨུག་པོའི་སྐེད་པ་ན།།
སྟག་ཤ་ར་གསུམ་གྱིས་ཀི་སྐོར་བྱེད།།
ལས་རླུང་རྟ་རྒུད་པ་མ་ཡིན་ཏེ།།
ཞེ་སྡང་སའི་དགྲ་ཞིག་ཡོད་རྟགས་རེད།།
སྨད་སྤང་ལྗོངས་སྔོན་མོའི་དང་ཁུག་ན།།
མ་བུ་མོ་གསུམ་གྱིས་མགྲིན་གླུ་ལེན།།
སེམས་སྣང་བ་སྐྱིད་པ་མ་ཡིན་ཏེ།།
ཡིད་ཤོར་སའི་རོགས་རེ་ཡོད་རྟགས་རེད།།
༢༠༠༧ ལོའི་ཟླ་༨ པའི་ཚེས་༢༤ ཕྱི་དྲོ་རྨེ་བ་རྫོང་མཁར་ནས་བྲིས།

ལག་ཁྱེར་ཁ་པར་དང་འབྲེལ་བའི་རྒྱུན་ཤེས་གལ་ཆེན།
ལག་ཁྱེར་ཁ་པར་གྱིས་བརྡ་འཕྲིན་སྐྱེལ་ལེན་བྱེད་སྟངས་ནི། སྐུད་ལྡན་ཁ་པར་དང་ཡེ་ནས་མི་འདྲ་ཞིང་འདི་ལ་བཟང་ས་ངན་ས་གཉིས་ཡོད། བཟང་ཕྱོགས་ནི་སྟབས་བདེ་ཡིན་པ་སོགས་ཚང་མས་དངོས་མཐོང་ལག་ཟིན་གྱི་དགེ་མཚན་དག་རེད།
ལག་ཁྱེར་ཁ་པར་གྱིས་བརྡ་འཕྲིན་སྐྱེལ་ལེན་བྱེད་སྐབས་བརྡ་རྟགས་སྐྱེལ་ལེན་ས་ཚིགས་ཀྱིས་བསྟུད་མར་སྐྱེད་བཞིན་པའི་རྡུལ་ཕྲན་འོད་རླབས་ལ་བརྟེན་གྱི་འོད། དེ་བས་ལག་ཁྱེར་ཁ་པར་དང་བརྡ་རྟགས་སྐྱེལ་ལེན་ས་ཚིགས་གཉིས་བར་གྱི་སྤྱི་མཐུན་བརྡ་སྤྲོད་སྐད་རིགས་ནི་གློག་རྡུལ་འོད་རླབས་ཡིན། ལག་ཁྱེར་ཁ་པར་གྱིས་རྡུལ་ཕྲན་འོད་རླབས་དེ་ང་ཚོས་ཁ་པར་གཏོང་སྐབས་ཁོ་ནར་སྐྱེད་པ་ཙམ་མིན། ཁ་པར་གྱིས་ང་ཚོར་ཚུར་སླེབས་པའི་འཕྲིན་ཐུང་དང་ཁ་པར་སོགས་དུས་ལྟར་ལེན་ཐུབ་ཆེད། རྒྱུན་ཆད་མེད་པར་རྡུལ་ཕྲན་འོད་རླབས་སྐྱེད་ཀྱི་ཡོད། སྐབས་འདིར་བསྐྱེད་པའི་རྡུལ་ཕྲན་འོད་རླབས་ང་ཚོས་ཁ་པར་གཏོང་བཞིན་པའི་སྐབས་སུ་བསྐྱེད་པའི་འོད་རླབས་ནང་བཞིན་གྱི་ནུས་ཤུགས་མེད་ཀྱང་། འདིས་བསྐྱེད་པའི་འོད་རླབས་ལ་བདེ་ཐང་ཐད་ཉེན་ཁ་མེད་པ་མིན།
འཕྲོད་བསྟེན་ཚན་རིག་མཁས་པས་ཁུངས་སྐྱེལ་བྱས་པ་ལྟར་ན། གལ་སྲིད་ཁྱེད་ཀྱིས་ཁ་པར་བྲང་ཁུག་ཏུ་བཅུག་ན། དེས་སྙིང་གི་འཕར་ཚད་ལ་ཤུགས་རྐྱེན་ཐེབས་ཏེ། སྙིང་གཟེར་གྱི་ན་ཚ་སྐྱེད་པའི་ཉེན་ཁ་ཡོད་ལ། དེ་བཞིན་ཁྱེད་ཀྱིས་གློ་ཁུག་ཏུ་བཅུག་ན་མཁལ་མའི་ན་ཚ་སྐྱེད་པ་སོགས་མདོར་ན་ང་ཚོའི་གཟུགས་པོའི་དོན་ལྔ་གང་དང་ཉེ་སར་ཡུན་རིང་ལ་བཞག་ན་དེ་ལ་ན་ཚད་བཟོ་བའི་ཉེན་ཀ་ཚད་མཐོ་ཚུལ་བཀོད་ཡོད། ལྷག་པར་དུ་གཞོན་སྐྱེས་ཚོས་དོ་སྣང་བྱེད་དགོས་ས་ཞིག་ནི། བུད་མེད་ལ་མཚོན་ན་འདི་ནུ་མའི་སྟེང་དུ་ཉར་མི་རུང་ལ། གལ་ཏེ་དེ་ལྟར་བྱས་ན་ནུ་མར་གན་ཌིའི་ན་ཚ་སྐྱེད་པ་དང་། སྐྱེས་པར་མཚོན་ན་ཕོ་མཚན་དང་ཉེ་སར་ཉར་མི་རུང་། གལ་ཏེ་དེ་ལྟར་བྱས་ན་ས་བོན་སྐེམ་པར་བྱེད་ལ། དེ་ལས་ཀྱང་ཚབས་ཆེ་བ་ནི་མཚན་མའི་ཁྱད་ནུས་རྦད་དེ་འགོག་སྲིད་པ་དེ་རེད།
སྤྱིར་འཕྲོད་བསྟེན་ལས་རིགས་པ་ཚོས་ཁ་པར་གྱིས་ཀླད་པ་གཙོ་བྱས་པའི་ང་ཚོའི་གཟུགས་གཞིར་སྐྱོན་བཟོ་བའི་སྐོར་གྱི་སྙན་ཐོ་དང་བཅས་ལོ་སྣེར་ལོ་བསྟུད་དེ་ཁྲིམས་གཏུགས་བྱས་ཀྱང་། དེང་གི་འཛམ་གླིང་འདིར་དངུལ་གྱིས་མི་འགྲུབ་པའི་བྱ་བ་ཕལ་ཆེར་སྲིད་མཐའ་ཙམ་ཡིན་ལ། ནང་སྒོས་སུ་ལག་ཁྱེར་ཁ་པར་གྱི་བཟོ་ཚོང་སྡེ་ཁག་རྣམས་ཧ་ཅང་རྒྱུ་སྟོབས་ཆེ་བས། ད་བར་གནད་ལ་འཁེལ་བའི་ཐག་གཅོད་བྱེད་ཐུབ་མེད། ནུབ་ཕྱོགས་སུ་ལག་ཁྱེར་ཁ་པར་གྱིས་སྤྱོད་མཁན་གྱི་ཀླད་པར་སྐྱོན་བཟོས་རྐྱེན། འབྲེལ་ཡོད་བཟོ་ཚོང་སྡེ་དག་ནས་ཨ་སྒོར་ས་ཡ་མང་བོའི་གུན་གསབ་སྤྲོད་དགོས་བྱུང་བའི་གནས་ཚུལ་ཡོད་མོད། གཞུང་འབྲེལ་གྱི་ཐོག་ནས་གནས་ཚུལ་དེ་དག་ཚད་འཛིན་སར་ངོས་འཛིན་བྱེད་ཀྱི་མེད།
ཡང་གཅིག་བཤད་ན། ང་ཚོ་ནི་འཕྲུལ་རིག་གི་དུས་རབས་སུ་སྐྱེས་པ་ཡིན་པས་འཕྲུལ་ཆས་འདི་རིགས་ཡོངས་སུ་སྤོང་ཐུབ་པ་དཀའ་མོ་རེད། འོན་ཀྱང་ང་ཚོར་མཚོན་ན། རང་ཉིད་ཀྱི་བདེ་ཐང་ལ་གནོད་འཚེ་ཐེབས་ཚེ། ཨ་སྒོར་ས་ཡ་འགའ་ཕར་ཞོག་ཚུར་དགོངས་སེལ་ཞུ་མཁན་ཡང་མེད་ལ་དེ་འདྲ་ཡོད་པའི་དབང་དུ་བཏང་ཡང་མི་ལུས་འདི་གང་གིས་ཀྱང་སླར་ཉོ་ཐབས་མེད། དེ་བས་ཐབས་ཤེས་ལེགས་ཤོས་ནི་ལག་ཁྱེར་ཁ་པར་འདི་ལོགས་སུ་ཁུག་མ་ཞིག་གི་ནང་དུ་འཁྱེར་ན་གོང་བཀོད་ཀྱི་ཉེན་ཁ་དག་ལས་གཡོལ་སྲིད།

པེ་ཅིན་མཁར་གྱི་མགྱོགས་བྲིས།
འུར་སྒྲོག་བྱས་པའི་དཔའ་བོའི་རྡོ་རིང་དང་།།
རྒྱང་དུ་གྲགས་པའི་གནམ་མཆོད་སྟེགས་བུ་དང་།།
ཁྲག་གིས་བཞེངས་པའི་སྒོ་མོའི་ཐང་ཆེན་སོགས།།
མཐོང་ཚེ་མ་ངེས་ཚོར་བས་མིག་ཆུ་ཤོར།།
ལྷ་ཡིས་བཏུང་ན་བདུད་རྩིར་གྲགས་པའི་ཆུ།།
དམྱལ་ཁམས་པ་ལ་ཁྲོ་ཆུ་ཡིན་རབས་གསུང་།།
གཅིག་གི་ཕུན་ཚོགས་གཅིག་གི་རྒུད་བྱེད་དུ།།
གྲུབ་པ་འདི་ལ་ཆོས་ཉིད་ཅེས་ཀྱང་འབོད།།
འགྱུར་འགྲོས་རྦ་རླབས་ལྡིང་བའི་དུས་རབས་འདིར།།
རྟ་རྗེས་བོང་བུས་མིན་རབས་བརྗོད་མོད་ཀྱང་།།
སྔོན་ཐོན་གྲས་སུ་འཚང་བའི་མི་རིགས་འདིའི།།
བྱུང་བ་རང་རེ་ལས་ནི་ལྷག་མི་གདའ།།
དེ་བས་ཏི་སེ་གངས་ལས་མཆེད་པའི་བུ་།།
རྨིག་བཞི་སྒྲོག་ལ་ཚུད་པ་བདེན་མོད་ཀྱང་།།
སྔོན་གཤེགས་དཔའ་བོའི་འགྱུར་མེད་རེ་བཞག་སྟེ།།
རྟ་ནག་སྒྲོག་འགྲོས་རྣམ་ཐར་སྐྱོང་བར་རིགས།།
སྒྲུབ་ན་མི་འགྲུབ་བྱ་བ་ཕལ་ཆེར་མེད།།
མ་བསྒྲུབས་ལོ་བརྒྱས་དོན་གཅིག་འགྲུབ་མ་ཡིན།།
དེ་ལྟར་བསམ་ན་ཤེས་ལྡན་གསར་བུ་ཚོ།།
ཤེས་ཡོན་ཆུད་ཟོས་གཏོང་བའི་དུས་མ་ཡིན།།
ཡར་ཀླུང་གཙང་བོའི་འགྲམ་ནས་མཆེད་པའི་བུ།།
ཁྲག་རྒྱུན་རྩམ་ཁུ་འདྲེས་པར་ངོ་མ་གནོངས།།
མཐོ་བ་གནམ་དང་དམའ་བ་ས་གཞིའི་བར།།
རང་ཚུགས་ཐུབ་ན་རང་ཉིད་དཔོན་པོ་ཡིན།།
བཤད་བཤད་རང་གི་མཚང་ལ་ཕོག་མོད་ཀྱང་།།
མ་བཤད་ཁོག་ཏུ་བསྐུངས་ཀྱང་དགོས་པ་ཆུང་།།
བཤད་བཤད་དོན་ལ་འཁེལ་བ་དཀའ་མོད་ཀྱང་།།
མ་བཤད་དེ་བས་འཁེལ་ཐབས་ག་ལ་ཡོད།།
པེ་ཅིན་རྒྱལ་སྤྱིའི་མགྲོན་ཁང་ཆེན་མོ་ནས་༢༠༠༧ལོའི་ཟླ་༤ཚེས་༡༨ཉིན་བྲིས།

ཐེ་བྲག་པས་རང་ས་བཟུང་།
༄༅། །ཁོ་བོས་སྔོན་ནས་དྲ་ཚིགས་འདྲ་མིན་དང་པོད་ཁུག་འདྲ་མིན་དུ་དྲ་རྩོམ་དང་དྲན་ཚུལ་མང་བོ་སྤེལ་མྱོང་ནའང་། ད་བར་དུ་ཕལ་ཆེར་ཡོད་ཚད་རང་ཉིད་ལ་དབང་བའི་དྲ་དེབ་ཅིག་བཟོ་ཁོམ་མ་མྱུང་། འོན་ཀྱང་། དེ་རིང་ཐུག་སྟངས་ཤིག་གིས་དྲ་དེབ་བམ་པོད་ཁུག་ཞབས་འདེབས་དྲ་ཚིགས་འདི་དང་ཐུག་པས། དེ་མ་ཐག་དང་བ་འདྲེན་པ་ཞིག་ཡིན་པ་རྟོགས།
གྲོགས་པོ་ཚོ། ཁོ་བོས་འདིར་གཙོ་བོ་རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ཁྲོད་དང་། དྲ་ཚིགས་དང་དཔེ་དེབ་ཐོག་ནས་རྙེད་པའི་ཉམས་མྱོང་དང་རྟོགས་སད་ཐད་ཀར་འགོད་འདོད་ཡོད། སྤྱིར་ང་ཚོ་གདོང་དམར་པར་མཚོན་ན་མི་རིགས་ཀྱི་བདེ་སྡུག་གླེང་རྒྱུ་ནི་མགོ་ནག་ལྟོ་ལ་བརྟེན་པ་ལྟར་རང་ཆས་སུ་ཡོད་མོད། གནས་དུས་ཀྱི་དབང་གིས་བཤད་འདོད་པའི་སྐད་ཆར་ཚད་བཀག་ལོས་ཡོད།
དེ་ལྟ་ནའང་། མི་རེ་རེས་ནུས་པ་རེ་རེ་བཏོན་ཡོང་ན། ང་ཚོའི་མི་རིགས་སྐད་ཡིག་དང་བཅས་པ་འཛམ་གླིང་མི་སྡེ་འདིར་མུ་མཐུད་དུ་མགོ་འཕང་མཐོན་པོས་གནས་ཐུབ་པར་གདོན་མི་ཟ། དེ་ལྟར་མ་བྱས་ན་ནམ་ཞིག་ང་ཚོ་ང་ཚོའི་ཕྱི་རབས་པ་ཚོར་ངོ་ནོངས་དགོས་པའི་དུས་ཤིག་སླེབས་མི་སྲིད་ཅེས་སུས་བཤད་ནུས།
ཡ་ད་དེ་རིང་འདི་ལྟ་བུ་ཞིག་བྱེད། མ་འོངས་པར་མུ་མཐུད་དུ་སྤེལ།
འོ་རེད། སྤྱིར་དྲང་བདེན་གྱི་སྐད་ཆ་བཤད་དགོས་པ་སྨྲོས་མེད་ཀྱང་། འོན་ཀྱང་། དོན་དག་ཆེན་པོ་མེད་སར་དྲ་ཚིགས་བཀག་འགོག་མི་ཡོང་ཆེད་ཁོ་བོའི་དྲ་ཐོག་ཏུ་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་དང་འགལ་བའི་གནས་ཚུལ་མི་སྤེལ་བར་མཁྱེན། ང་ཚོས་མི་འགའ་རེའི་སེམས་རྒྱ་ཆེ་ཆུང་མི་ཤེས་པ་མ་རེད།
ཐུགས་རྗེ་ཆེ།